འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་14ཉིན།

༄༅།།2019ལོར་གོ་ལ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་
རྒྱུ་ཡིན་པའི་སྔོན་དཔག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་14ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་སྙན་ཞུ་ཞིག་སྤེལ་བའི་ནང་། 2019ལོར་འཛམ་གླིང་གི་འབྲུ་རིགས་ཐོན་འབབ་ཀྱི་ཟིན་ཐོ་གསར་ཤོས་གཏོད་རྒྱུ་སྟེ། ཏུན་དུང་ཕྱུར་27.22ཟིན་ནས་ལོ་གོང་མ་ལས་2.7%འཕར་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
     སྙན་ཞུའི་ནང་ངོས་འཛིན་བྱས་དོན། 2019ལོར་འཛམ་གླིང་གི་འབྲུ་རིགས་སྤྱོད་ཚད་ཀྱང་སྔོན་དཔག་བྱས་ན་ཟིན་ཐོ་གསར་པ་བཏོད་ནས་1.5%འཕར་རྒྱུ་དང་། གོ་ལ་ཧྲིལ་པོའི་འབྲུ་རིགས་འཛད་སྤྱོད་བྱེད་ཚད་སྔོན་དཔག་བྱས་ན་1.1%འཕར་རྒྱུ། འབྲས་འཛད་སྤྱོད་བྱེད་ཚད་སྔར་བས་མྱུར་བ། དཀྱུས་འབྲུའི་དགོས་མཁོ་སྔར་བས་ཆེ་རུ་འགྲོ་རྒྱུ་བཅས་རེད།
    སྤྱིར་མཁོ་སྤྲོད་དང་དགོས་མཁོ་གཉིས་ཀ་འབེལ་པོ་ཡོད་པའི་རྒྱབ་ལྗོངས་འོག རྒྱལ་སྤྱིའི་འབྲུ་རིགས་ཀྱི་རིན་གོང་ཐད་མུ་མཐུད་གནོན་ཤུགས་འཕྲད་སྲིད་ཅིང་། འབྲུ་རིགས་ཉོ་ཚོང་གི་མདུན་ལམ་ཡག་པོ་ཡོད་པ་དང་། ལྷག་དོན་དུ་གྲོ་དང་འབྲས་བྲིན་ཁ་རྒྱུག་པོ་ཡོང་རྒྱུ་རེད།
    རྩ་འཛུགས་དེས་དེ་དང་དུས་མཚུངས་སྤེལ་བའི་རྒྱུན་གཏན་ཉོ་ཚོང་རིགས་ཀྱི་བཟའ་བཅའི་ཚོང་ཟོག་གི་རྒྱལ་སྤྱིའི་རིན་གོང་ཟླ་རེའི་འགྱུར་ལྡོག་ལ་རྗེས་སྙེག་བྱས་པའི་སྟོན་གྲངས་གྲས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་བཟའ་བཅའི་རིན་གོང་སྟོན་གྲངས་ལས་མངོན་པར། ཟླ་4པར་འབྲུ་རིགས་ཀྱི་རིན་གོང་ཕུད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་བཟའ་བཅའི་རིན་གོང་སྟོན་གྲངས་ནང་ཚུད་པའི་བཟའ་བཅའི་ཚོང་ཟོག་ཡོངས་ཀྱི་རིན་གོང་འཕར་བའི་ནང་། ཤའི་རིགས་དང་དཀར་ཆུའི་རིགས་ཀྱི་རིན་གོང་སྔོན་ལ་འཕར་ཡོད་པ་རེད།