འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་14ཉིན།

༄༅།།འཛམ་གླིང་སློབ་གྲྭ་ཆེ་མོ་བའི་རྒྱ་ཡིག་འགྲན་བསྡུར་སྐབས་18པའི་འཇར་མན་འགྲན་ཁུལ་
གྱི་འདེམས་སྒྲུག་འགྲན་བསྡུར་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་14ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་འཇར་མན་གྱི་གྲོང་ཁྱེར་ཕུ་ལའེ་པའོ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། “རྒྱ་ཡིག་སྦྲེལ་ཟམ”གྱི་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་རྒྱ་ཡིག་འགྲན་བསྡུར་སྐབས་18པའི་འཇར་མན་འགྲན་ཁུལ་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་འཇར་མན་གྱི་གྲགས་ཅན་ལོ་རྒྱུས་གྲོང་ཁྱེར་ཕུ་ལའེ་པའོ་རུ་བྱས་ཤིང་། འཇར་མན་གྱི་མཐོ་སློབ་9ནས་ཡོང་བའི་སློབ་གྲྭ་ཆེ་མོ་བ་13འགྲན་བསྡུར་ལ་ཞུགས་པ་དང་། མཐར་ཧྥ་ལན་ཁེ་ཕུ་སློབ་ཆེན་དང་། ཨེར་ཕུ་ཐེ་སློབ་ཆེན། ཕུ་ལའེ་པའོ་སློབ་ཆེན་བཅས་ཀྱི་སློབ་གྲྭ་ཆེ་མོ་གསུམ་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་རེད།
     འགྲན་བསྡུར་བྱེད་རིང་། བདམས་ཐོན་པ་ཚོས་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་སྟེ་རང་ཉིད་དང་ཀྲུང་གོའི་སྐད་ཡིག་རིག་གནས་ཀྱི་ལས་དབང་དང་། ཀྲུང་གོར་ལྗོངས་རྒྱུ་བྱེད་རིང་གི་སློབ་སྦྱོང་། ཀྲུང་གོར་གྲོགས་པོ་རྒྱ་ཁྱབ་ཏུ་སྒྲིག་པ་བཅས་ཀྱི་གཏམ་རྒྱུད་བརྗོད་པ་དང་། དྲག་རྩལ་དང་། རྩལ་རྩེད། ཆུ་ཚོན་རི་མོ། བརྒྱངས་དཀྲོལ་རོལ་ཆ་སོགས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པས་འཁྲབ་སྟོན་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
     བརྗོད་དོན་གཙོ་བོའི་གཏམ་བཤད་དང་། ཤེས་བྱའི་དྲི་བ་དྲིས་ལན། རིག་རྩལ་འགྲེམས་སྟོན་བཅས་ལྷུ་ཚིགས་གསུམ་གྱི་འགྲན་བསྡུར་བྱས་པ་བརྒྱུད། ཧྥ་ལན་ཁེ་ཕུ་སློབ་ཆེན་རོལ་དབྱངས་ཆེད་ལས་ཀྱི་སློབ་མ་ཏཱ་ཝུའེ་ཏེ·ཁཱ་སི་ཧྥ་ལ་ཨང་དང་པོ་ཐོབ་པ་རེད། ལོ་24ལ་སླེབས་པའི་ཁཱ་སི་ཧྥ་ཡིས་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་མཁན་ཨེར་ཕུ་ཐེ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་ཆེད་ལས་ཀྱི་སློབ་མ་ཨན་ཏུང·པོ་ཀེ་སི་དང་ཕུ་ལའེ་པའོ་སློབ་ཆེན་མཚན་ཉིད་རིག་པའི་ཆེད་ལས་ཀྱི་སློབ་མ་མཱ་ཏིང·ཧོའུ་དབྱི་མན་དང་མཉམ་དུ་འཇར་མན་གྱི་སློབ་གྲྭ་ཆེ་མོ་བའི་ཚབ་ཞུས་ནས་ཀྲུང་གོར་ཕྱིན་ནས་ལོ་འཁོར་འདིའི“རྒྱ་ཡིག་སྦྲེལ་ཟམ”གྱི་གོ་ལ་ཧྲིལ་པོའི་བསྐྱར་མའི་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།