འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་14ཉིན།

༄༅།།“ཀྲུང་གོ་ཤེས་རྟོགས་བྱེད། མཛེས་སྡུག་གི་མཚོ་སྔོན”ཞེས་པའི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཀེ་རི་སེའི་ཨ་ཐེན་
སིར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་14ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། “ཀྲུང་གོ་ཤེས་རྟོགས་བྱེད། མཛེས་སྡུག་གི་མཚོ་སྔོན”ཞེས་པའི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཀེ་རི་སེའི་རྒྱལ་ས་དང་ལོ་རྒྱུས་རིག་གནས་སྒྱུ་རྩལ་གྱི་གྲགས་ཅན་གྲོང་ཁྱེར་ཨ་ཐེན་སིར་འགོ་ཚུགས་ཤིང་། ཀེ་རི་སེའི་མང་ཚོགས་ལ་ཀྲུང་གོའི་མཚོ་སྔོན་གྱི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་འགྲེམས་སྟོན་བྱས་ཏེ་དངོས་ཡོད་དང་། རང་བྱུང་། རྔམ་བརྗིད། བརྗིད་ཉམས་བཅས་ཀྱི་མཛེས་སྡུག་ལྡན་པའི་མཚོ་སྔོན་ཞིག་མངོན་པར་བྱས་ཡོད།
     ད་ཐེངས་ཀྱི་འགྲེམས་སྟོན་ནང་། གཙོ་གཉེར་ཕྱོགས་ཀྱིས་འདེམས་སྒྲུག་ཞིབ་ཚགས་བྱས་པའི་པར་རིས་200ལྷག་ཙམ་དང་། དེ་བཞིན་འགེལ་རུམ་དང་། བལ་གྱི་སྟོད་ལེ་སོགས་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཐོན་རྫས་དང་ཉིན་རེའི་མཁོ་ཆས་འགྲེམས་སྟོན་བྱས་པ་དང་། མཚོ་སྔོན་དང་འབྲེལ་བའི་ཕུལ་བྱུང་དངོས་མཚོན་གློག་བརྙན་བསྟན་པ་མ་ཟད། རྒྱལ་ཁབ་རིམ་པའི་བཟོ་བཀོད་མཛེས་རྩལ་ཆེ་མོ་བས་ཐང་ག་དང་འཚེམ་དྲུབ་སོགས་ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱས་ནས་ལྟ་སྐོར་བར་མཚོ་སྔོན་ཐད་ཀར་མཐོང་བ་ལྟ་བུའི་བག་ཆགས་ཤིག་བཞག་ཡོད།