འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་9ཉིན།

༄༅།།ཧུའུ་པེ་ཞིང་ཆེན་གྱི་“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལ་གྲུབ་འབྲས་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་09ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧུའུ་པེ་ཞིང་ཆེན་གྱི་“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལ་གྲུབ་འབྲས་ཐོབ་པ།
      མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་8པར། ཧུའུ་པེ་ཞིང་ཆེན་གྱི་ཁག་དང་པོའི་བོད་སྐྱོར་དགེ་རྒན་50ལྷོ་ཁའི་མཐོ་རིམ་སློབ་འབྲིང་དང་པོར་བསྐྱོད་ནས། དུས་ཡུན་ལོ་གསུམ་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་གྱི་འགོ་བརྩམས་པ་རེད། ལོ་གསུམ་རིང་། བོད་སྐྱོར་ཚོགས་པས་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་སློབ་གསོ་སློབ་ཁྲིད་ཀྱི་འདུ་ཤེས་ནང་འདྲེན་དང་། སློབ་གསོའི་མ་དངུལ་ཁག་དོན་འཁྱོལ་བྱས་པ་བརྒྱུད། སློབ་གྲྭའི་རྣམ་པར་ལེགས་བཅོས་ཐུབ་པ་མ་ཟད། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་གོང་མཐོར་སོང་ཡོད་པ་རེད།  འདི་ནི་ཟླ་5ཚེས་8ཉིན། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་ཡུལ་སྐོར་སློབ་གྲྭའི་བོད་སྐྱོར་དགེ་རྒན་མ་ཏན(གཡོན་གྱི་གསུམ་པ)གྱིས་སློབ་མར་སློབ་རའི་ལུས་སྦྱོང་སྦྱོང་བརྡར་བྱེད་བཞིན་པ།
【1】  【2】  【3】
༄༅།།ཧུའུ་པེ་ཞིང་ཆེན་གྱི་“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལ་གྲུབ་འབྲས་ཐོབ་པ།