འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་9ཉིན།

༄༅།།འདི་ལོ་སི་ཁྲོན་གྱིས་གཞུང་ཁོངས་ཁེ་ལས་61སྒྲིག་འཛུགས་བྱས་ནས་གྲོང་ཚོ་དབུལ་པོ་64
དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་09ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། གསར་འགོད་པར་སི་ཁྲོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོ་སི་ཁྲོན་གྱིས་གཞུང་ཁོངས་ཁེ་ལས་61སྒྲིག་འཛུགས་བྱས་ནས་གྲོང་ཚོ་དབུལ་པོ་64དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱི་2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ནུས་ལྡན་ངང་ལེགས་སྒྲུབ་བྱས་ནས་མི་འབོར་དབུལ་པོ་ཁྲི་50དབུལ་སྒྲོལ་དང་། གྲོང་ཚོ་དབུལ་པོ་1482ཕྱིར་འཐེན། རྫོང་དབུལ་པོ་31དབུལ་ཞྭ་འབུད་པ་བཅས་བྱ་ཆེད། སི་ཁྲོན་གྱིས་དུད་ཚང་དབུལ་པོ་དབུལ་སྒྲོལ་ཡོང་བའི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་རྨང་གཞིའི་ཐོག་དབུལ་སྒྲོལ་གྱི་ཚད་གཞི་དེ་མི་འབོར་དབུལ་པོའི“ཚད་བརྒལ་གཅིག་དང་། སེམས་ཁྲལ་མེད་པ་གཉིས། འགན་ལེན་གསུམ”བཅས་སུ་སྔར་བས་ཚགས་ཚུད་ཡོང་བ་བྱ་རྒྱུ་སྟེ། དབུལ་སྒྲོལ་མི་འབོར་གྱི་ཁྱིམ་ཚང་གི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་བརྟན་པོ་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒལ་རྒྱུ་དང་། ལྟོ་གོས་ལ་སེམས་ཁྲལ་མེད་པ། དབུལ་སྒྲོལ་མི་འབོར་གྱི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་གི་བདེ་འཇགས་བཅས་ལ་འགན་ལེན་ཡོད་པ་བྱ་རྒྱུ་རེད།
     སི་ཁྲོན་གྱི་གཞུང་ཁོངས་ཁེ་ལས་61གིས་དབུལ་སྐྱོར་ཚད་གཞི་དེ་དག་ལ་དམིགས་ནས་སྔོན་རྩིས་ནང་གི་སྒོར་དུང་ཕྱུར་3.1སྐྱིན་ཚབ་མེད་པའི་རོགས་སྐྱོར་གྱི་མ་དངུལ་ལ་བཏང་སྟེ་རོགས་སྐྱོར་རྣམ་གྲངས་568ལེགས་གྲུབ་དང་། གྲོང་ཚོ་དབུལ་པོ་64དབུལ་པོའི་ཁྲོད་ནས་ཕྱིར་འཐེན་རོགས་རམ་བྱ་རྒྱུ་དང་འབྲེལ“བསྐྱར་དུ་རོགས་རམ”བྱེད་པའི་བྱེད་སྒོ་སྤེལ་ནས་སྔོན་ཆད་རོགས་རམ་བྱས་པའི་ཕྱིར་འཐེན་གྲོང་ཚོ་དང་དུད་ཚང་དབུལ་པོ་111མུ་མཐུད་དབུལ་སྒྲོལ་གྱི་རྣམ་པར་གནས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་སི་ཁྲོན་ཞིང་ཆེན་གཞུང་ཁོངས་ཁེ་ལས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས“ཐོན་ལས་དབུལ་སྐྱོར་ཁྲོམ་ར་ཅན་དང་། གྲོང་སྡོད་རོགས་སྐྱོར་སྤྱི་ཚོགས་ཅན། གྲུབ་འབྲས་བརྟན་གཏོང་ལས་སྟེགས་ཅན”གྱི“ཅན་གསུམ་གྱི་དབུལ་སྐྱོར”བསམ་ཕྱོགས་ལ་དམ་པོར་དམིགས་ཏེ་རྫོང་དབུལ་པོ་65དང་གྲོང་ཚོ་དབུལ་པོ་459ཡི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.6ཙམ་སྐྱིན་ཚབ་མེད་པར་བཏང་ནས་རོགས་སྐྱོར་རྣམ་གྲངས་489དོན་འཁྱོལ་བྱས་པ་དང་གྲོང་ཚོ་དབུལ་པོ་54ལ་རོགས་རམ་བྱས་ཏེ་དབུལ་པོའི་ཁྲོད་ནས་ཕྱིར་འཐེན་བྱས་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་སི་ཁྲོན་ཞིང་ཆེན་གཞུང་ཁོངས་ཁེ་ལས་ཀྱིས་ད་དུང“གཞུང་ཁོངས་ཁེ་ལས་ལེང་ཧྲན་དུ་སྐྱོད་པ”དང“གཞུང་ཁོངས་ཁེ་ལས་ཁམས་པའི་ཡུལ་དུ་སྐྱོད་པའི་བྱ་སྤྱོད”མུ་མཐུད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་དབུལ་སྐྱོར་དང་ཐོན་ལས་རིམ་སྤོར་གཙོ་གནད་དུ་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་རོགས་རམ་བྱས་ཏེ་ས་ཁུལ་དབུལ་པོ་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ས་ཁུལ་དབུལ་པོའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་སྒྲིག་ཆས་བཟོ་སྐྲུན་དང་། སྔོན་ཐོན་རྒྱུ་ཆ། ནུས་རྒྱུའི་རྫས་འགྱུར་བཟོ་ལས། བཟའ་བཏུང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་ལས་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་མ་དངུལ་བཏང་ནས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུར་སྔར་བས་རོགས་རམ་བྱ་རྒྱུ་ཡིན་པ་རེད།