འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་7ཉིན།

༄༅།།སི་ཁྲོན་ཟུང་ཆུ་རུ་“མཐོ་སྒང་གྲོང་དུ་ཀྲུང་ཧྭའི་འཁྲུངས་སྐར་བསུ། ཟུང་ཆུའི་བུ་ཕྲུག་གིས་རྒྱལ་ཁབ་ལ་
བསྟོད”ཅེས་པའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་06ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སི་ཁྲོན་ཟུང་ཆུ་རུ་“མཐོ་སྒང་གྲོང་དུ་ཀྲུང་ཧྭའི་འཁྲུངས་སྐར་བསུ། ཟུང་ཆུའི་བུ་ཕྲུག་གིས་རྒྱལ་ཁབ་ལ་
བསྟོད”ཅེས་པའི་བྱེད་སྒོ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན། ཉེ་ཆར། སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་དུ“མཐོ་སྒང་གྲོང་དུ་ཀྲུང་ཧྭའི་འཁྲུངས་སྐར་བསུ། ཟུང་ཆུའི་བུ་ཕྲུག་གིས་རྒྱལ་ཁབ་ལ་བསྟོད”ཅེས་པའི་བྱེད་སྒོ་སྤེལ་བ་རེད།
     འཁྱུག་བགྲོད་བྱེད་སྒོའི་ཁྲོད་དུ། 《ང་དང་ངའི་མེས་རྒྱལ》ཞེས་པའི་རོལ་དབྱངས་དཀྲོལ་བ་དང་། ཉེ་འགྲམ་གྱི་གྲོང་མི་དང་ཡུལ་སྐོར་བ་ཚོས་གོམ་པ་སྤོ་མཚམས་བཞག་ནས། རང་དབང་མེད་པར་མཉམ་དུ་འཛོམས་ཏེ་སྐད་ཤུགས་ཆེན་པོས་གླུ་ལེན་ནས་སེམས་ཁོང་གི་སྤྲོ་སྣང་དང་སྤོབས་པ་རབ་ཏུ་རྒྱས་ཤིང་། ཚང་མས་བློ་གཅིག་སེམས་གཅིག་གིས་མེས་རྒྱལ་ལ་བཅངས་པའི་དུང་སེམས་མཚོན་པའི་གླུ་དབྱངས་ལེན་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མཚོན་པ་དང་། ཟུང་ཆུ་མི་དམངས་མང་ཚོགས་ཀྱིས་ཕུག་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ། འབད་པ་ཆེན་པོས་ཕུགས་འདུན་སྒྲུབ་པའི་སྙིང་སྟོབས་མངོན་པ་བྱས་ཡོད།               འཁྱུག་བགྲོད་བྱེད་སྒོ་ཡིས་མི་དམངས་མང་ཚོགས་ཀྱིས་མེས་རྒྱལ་ལ་བཅངས་པའི་དུང་སེམས་མཚོན་པར་བྱས་ཡོད་ལ། ཟུང་ཆུའི་ས་གཞིའི་ཆེན་པོའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ལུགས་སྲོལ་དང་མཛེས་སྡུག་ལྡན་པའི་རང་བྱུང་གི་ཡུལ་ལྗོངས་མངོན་པའང་བྱས་ཡོད། མེས་རྒྱལ་སྟོབས་འབྱོར་ལྡན་པ་ལས། མི་དམངས་འབྱོར་ཕྱུག་ལྡན་པ་དང་། གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་ལོ་ངོ་བཞི་བཅུ་བརྒྱུད་མྱོང་བའི་མི་རྣམས་ཀྱིས་སེམས་གཏིང་ནས་མེས་རྒྱལ་ལ་བསྟོད་པ་དང་། སེམས་ཁོང་ནས《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་དེ་བླངས་པ་རེད།
༄༅།།སི་ཁྲོན་ཟུང་ཆུ་རུ་“མཐོ་སྒང་གྲོང་དུ་ཀྲུང་ཧྭའི་འཁྲུངས་སྐར་བསུ། ཟུང་ཆུའི་བུ་ཕྲུག་གིས་རྒྱལ་ཁབ་ལ་
བསྟོད”ཅེས་པའི་བྱེད་སྒོ་སྤེལ་བ།