འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ཕོ་བྲང་པོ་ཏ་ལའི་རིག་དངོས་ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕོ་བྲང་པོ་ཏ་ལའི་རིག་དངོས་ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། གསར་འགོད་པས་ཤེས་རྟོགས་བྱུང་གསལ། ཉེ་སྔོན་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཉེ་ཆར་གྱི་རིག་དངོས་མེ་ཤོར་གནོད་རྐྱེན་གནས་ཚུལ་བརྡ་ཁྱབ་བཏང་བར་གཞིགས་ནས། ཚེས་16ཉིན་ནས་བཟུང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་དང་ཕོ་བྲང་པོ་ཏ་ལའི་མེ་ཟོན་རུ་ཁག་གཉིས་མཉམ་འབྲེལ་བྱས་ཏེ། ཉིན་3རིང་རིག་དངོས་ལ་མེ་ཟོན་ཞིབ་བཤེར་ཆེན་པོ་བྱས་པ་རེད། 
     ཐེངས་འདིར་ཞིབ་བཤེར་ཆེན་པོ་བྱེད་པའི་རིང་ལ། འབྲེལ་ཡོད་ལས་བྱེད་མི་སྣས་རིག་དངོས་བདེ་འཇགས་ནས་གཞི་འཛུགས་པ་རྒྱུན་འཁྱོངས་དང་། རིག་དངོས་བདེ་འཇགས་ཀྱི་དམར་ཐིག་དང་མ་མཐའི་མཚམས་ཐིག་གི་རྩ་དོན་ནན་པོར་བསྲུངས་ནས། རྩེ་ཕོ་བྲང་གི་འདུ་ཁང་དང་། རིག་དངོས་མཛོད་ཁང་། གཞུང་ལས་ཁང་། གྲྭ་ཤག ཞོལ་ཁང་། དེ་བཞིན་ཨར་ལས་བྱེད་ས་ཚང་མར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པར་མ་ཟད། ད་དུང་ཉེན་ཁའི་དོགས་གནས་ཡོད་ས་དག་ལ་ཡུལ་དངོས་སུ་ལེགས་བཅོས་བྱས་པ་རེད། 
     གཞན་ཡང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རིག་དངོས་བདེ་འཇགས་འགན་སྲུང་བྱ་ཆེད། 2018ལོ་ནས་བཟུང་། བོད་ལྗོངས་ཀྱིས་སྔ་ཕྱིར་ཐེངས་3ལ་བདེ་འཇགས་ཞིབ་བཤེར་ཚོགས་པ་རྩ་འཛུགས་བྱས་ནས། དུས་ཡུན་ཟླ་2ལྷག་གི་རིང་དུ། བོད་ལྗོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ལ་ཁྱོན་ཡོངས་སུ་ཞིབ་བཤེར་བྱས་པ་རེད། དེ་དང་དུས་མཉམ་དུ།  རིག་དངོས་བདེ་འཇགས་འགོག་སྲུང་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་ཆེད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2.24བཏང་ནས། རིག་དངོས་བདེ་འཇགས་འགོག་སྲུང་དང་མེ་ཟོན་འགོག་སྲུང་གི་ལས་གཞི་29ལག་བསྟར་བྱས་ཤིང་། ལྗོངས་ཡོངས་ཀྱི་རིག་དངོས་བདེ་འཇགས་དོ་དམ་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད། 
༄༅།།ཕོ་བྲང་པོ་ཏ་ལའི་རིག་དངོས་ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས།