འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།མཚོ་སྔོན་དུ་གྲོང་གསེབ་ནི་ན་གཞོན་ལས་བྱེད་པ་གསོ་སྦྱོང་བྱེད་པའི་སློབ་ཁང་གསར་པར་གྱུར་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། “ཉིན་མོར་ཞིང་ནང་དུ་ཆུ་ཡུར་བཟོ་བ་དང་། འདེབས་འཛུགས། ས་འགེབས་པ། འགྱིག་ཤོག་གཡོགས་པ་བཅས་བྱེད་པ་དང་། དགོང་མོར་ཁྱིམ་དུ་ལོག་རྗེས་བྲེལ་ཚུབ་ཆེན་པོས་ལྟོ་ཆས་ཟ་བ་དང་གད་རྒྱག་པ། ཉིན་དགུང་གི་ངལ་གསོའི་དུས་ཚོད་རིང་ད་དུང་ཞིང་ལས་ཡོ་བྱད་བཟོ་རོགས་བྱེད་ཀྱི་ཡོད”ཅེས་ཉིན་དེ་དག་རིང་ཁྱིམ་དུ་སྡོད་མཁན་གྱི་ན་གཞོན་ཚོའི་སྐོར་གླེང་སྐབས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་ཝུའེ་ཡོན་གྲོང་རྡལ་འབྲོ་དགྲ་ཐང་གྲོང་ཚོའི་རྒད་པོ་ཡན་ཧྲུན་ཏུང་གིས་མཐེ་བོང་བསྒྲེངས་ནས“ང་ཚོ་ཞིང་པ་ཚོས་ལས་བྱེད་པ་དེ་ལྟ་བུར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བརྗོད།
     རྒད་པོ་ཡན་ཧྲུན་ཏུང་གིས་བསྔགས་བརྗོད་བྱེད་པའི་ན་གཞོན་དེ་དག་ནི་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའི“ན་གཞོན”ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ནས་ཡོང་བ་ཞིག་རེད། ཟླ་4པ་ཤར་ཚུན། ལོ་ལྟར་གྲགས་ཅན་སློབ་གྲྭ་ནས་གདམ་གསེས་སྐོང་འཐེན་བྱས་པའི་སློབ་མ་དང་རྒྱུན་གཏན་གྱི་གདམ་གསེས་སྐོར་འཐེན་བྱས་པའི་སློབ་མའི་ཁྲོད་ནས་སློབ་མ་40གདམ་གསེས་བྱས་ཏེ་ཐོག་མར་མཚོ་སྔོན་ཤར་རྒྱུད་ཀྱི་ཞིང་ཁུལ་གྲོང་ཚོར་བསྐྱོད་དེ། ཞིང་པ་ཚོ་དང་མཉམ་བཟའ་མཉམ་འཐུང་དང་མཉམ་དུ་ལས་ཀ་བྱས་ནས་ཏང་གཤིས་སྦྱོང་བརྡར་དང་ལེན་བྱས་པ་རེད།
     གྲོང་སྣེར་གསར་འགོད་པ་འགྱིག་ལྷམ་འདམ་རྫབ་ཀྱིས་འཚོས་པ་དང་། ཞྭ་མོ་གྱོན་ཡང་ངོ་གདོང་དམར་ནག་ལ་གྱུར་ཏེ་ཞིང་ནང་ནས་གྲོང་ཚོར་ལོག་ཡོང་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མི་དམངས་སྲིད་གཞུང་གི་ན་གཞོན་ལས་བྱེད་པ་ཧྲེན་ཤིན་ཐུག་བྱུང་།
     “རང་ཉིད་ཆུང་དུས་གྲོང་གསེབ་ཏུ་འཚར་ལོངས་བྱུང་བ་ཞིག་ཡིན། འོན་ཀྱང་ལོ་མང་རིང་ཕྱི་ལོག་ཏུ་སློབ་གྲྭ་འགྲིམ་པ་དང་ལས་ཀ་བྱེད་པར་བསྐྱོད་པ་ལས་ཞིང་ལས་ལ་གོམས་འདྲིས་དེ་ཙམ་མེད། ‘ཞིང་ནང་དང་མུ་ཁའི’གསོ་སྦྱོང་བྱས་པ་ལས་རང་ཉིད་ཀྱིས་ཞིང་པའི་དཀའ་ཚེགས་མྱོང་ཚོར་ཐུབ་པ་མ་ཟད། ད་དུང་ལག་རྩལ་གསར་པ་ཡང་ཤེས་བྱུང་། ཕ་ཡུལ་ལ་ལོག་རྗེས་རང་ཉིད་ཀྱིས་ཤང་དེ་གའི་སྣེ་ཁྲིད་དེ་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་སྟེ་གྲོང་མི་ཚོའི་ཡོང་འབབ་མང་དུ་གཏོང་རྒྱུ་ཡིན”ཞེས་ཧྲེན་ཤིན་གྱིས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ན་གཞོན་ལས་བྱེད་པར་གསོ་སྐྱོང་ཤུགས་ཆེན་བྱེད་པའི་ལས་དོན་གཙོ་བོ་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་གྱིས་ལོ་3བསྟུད་མར“ན་གཞོན”ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད། དུས་ཡུན་ཉིན་40ཡིན་པའི་གཅིག་སྡུད་གསོ་སྦྱོང་ནང་ཏང་གཤིས་སློབ་གསོ་དང་། བསམ་གཞི་གསར་གཏོད། མདུན་གྲལ་གྱི་ཤེས་བྱ། དྲ་རྒྱའི་སློབ་སྦྱོང་། གཞུང་ཡིག་རྩོམ་འབྲི་སོགས་ཀྱི་ནང་དོན་བདུན་ཚུད་ཡོད། དེའི་རིང་རྩ་འཛུགས་སྡེ་ཚན་གྱིས་སློབ་མ་ཚོའི་ནུས་པར་ཕྱོགས་ཡོངས་ནས་ཟིན་ཐོ་འགོད་པ་དང་། གྲངས་བཅད་དཔྱད་འཇོག་དང་རིམ་པ་གདེང་འཇོག་ལམ་ལུགས་ལག་བསྟར་བྱས་ནས་སློབ་ཡུན་ཐིམ་རྗེས་ཕུལ་བྱུང་སློབ་མ་དཔྱད་འདེམས་བྱེད་པ་རེད།
     མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝུའུ་ཧུང་ལེང་གིས། “ན་གཞོན”ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི“འདེམས་གསོ་གོ་ཆོད”ཀྱི་བརྒྱུད་རིམ་ཧྲིལ་པོར་ན་གཞོན་ལས་བྱེད་པའི“སྦྱོང་སྤྱོད་ཐ་དད་དུ་གྱུར་པའི”དཀའ་གནད་གཙོ་གནད་ཐོག་བསལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་སྲ་བརྟན་དང་དོ་དམ་གསར་གཏོད་བྱ་རྒྱུ་དེ་ན་གཞོན་ལས་བྱེད་པའི་རྒྱུན་རྣམ་ཅན་གྱི་སློབ་གསོ་གསོ་སྦྱོང་གི་གཏན་འབེབས་བྱ་སྤྱོད་ལ་བརྩི་རྒྱུ་ཡིན་ཞེས་བརྗོད།