འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།“དྭངས་ཤིང་སྔོ་བའི་རི་ཀླུང་གི་ཚོགས་ཆེན”ཀོང་ཀྲོའུ་ཚུང་ཧྭ་རུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་20ཉིན། 《ཀྲུང་གོའི་དཔལ་འབྱོར་གཟའ་འཁོར་དུས་དེབ》དུས་དེབ་ཁང་དང་། ཀྲུང་གོ་ནགས་ལས་སྣོད་བཅུད་འཕེལ་རྒྱས་ཡར་སྐུལ་ལྷན་ཚོགས། ཀོང་ཀྲོའུ་གྲོང་ཁྱེར་ཚུང་ཧྭ་ཆུས་སྲིད་གཞུང་སོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“དྭངས་ཤིང་སྔོ་བའི་རི་ཀླུང་གི་ཚོགས་ཆེན”ཀོང་ཀྲོའུ་བྱང་རྒྱུད་ཀྱི་ཚུང་ཧྭའི་སྣོད་བཅུད་འཆར་འགོད་གྲོང་སྡེ་ཆུང་ངུར་འཚོགས་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་མཉམ་དུ་འཛོམས་ཏེ་སྣོད་བཅུད་ཁོར་ཡུག་གི་རྩ་བ་འདིར་དམ་འཛིན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤྱོད་རུང་བའི་འགྲོ་ལམ་དང་བྱེད་སྟངས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱས་པ་རེད།
     ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དེང་གི་དུས་སུ་སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་པར་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་འབྲེལ་བ་ཡོད་ཅིང་། མི་རིགས་ཀྱི་འབྱུང་འགྱུར་ལ་ཐུག་པའི་ཇུས་ཆེན་ཞིག་ལ་གྱུར་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། ད་རེས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་བཅོས་སྐྱོང་དང་ཀྲུང་གོའི་འགན་འཁྲི”ཡིན་པ་དང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་ལ་གསལ་འགྲེལ་ཡང་དག་བྱེད་པ་དང“དྭངས་ཤིང་སྔོ་བའི་རི་ཆུ་ཀླུང་གསུམ་གསེར་རི་དངུལ་རི་ལས་ཀྱང་ལྷག”པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཟིན་འགོད་དང་། ཁྱབ་སྤེལ། ལག་བསྟར་བཅས་བྱས་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་འགན་འཁྲི་སྐྱེས་སུ་འབུལ་མཁན་རེད།
     ཚོགས་ཆེན་ཐོག་2018ལོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་བྱས་རྗེས་བྱ་དགའ་ཐོབ་མཁན་གྱི་ཚན་པ་དང་། 2018ལོའི་ལོ་འཁོར་གྱི་ཀྲུང་གོའི་སྣོད་བཅུད་ལས་འགན་གྱི་བྱས་རྗེས་བྱ་དགའ་ཐོབ་མཁན་གྱི་མི་སྒེར་ལ་བྱ་དགའ་སྤྲད་པ་མ་ཟད། རི་ཆུའི་ཇུས་འདོན་མཉམ་ལས་མནའ་འབྲེལ་དངོས་སུ་བཙུགས་པ་རེད།