འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ཤིང་ཏོག་དང་སྔོ་ཚལ་མེ་ཏོག་སྤུས་ལེགས་གྲགས་ཅན་རིགས་2000ལྷག་ཙམ་སྔོ་ཚལ་འགྲེམས་
ཚོགས་སྐབས་20པར་འགྲེམས་སྟོན་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཞིང་ལས་གྲོང་གསེབ་པུའུ་དང་། ཚོང་དོན་པུའུ། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་སོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོ(ཧྲུའུ་གོང)རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་འགྲེམས་ཚོགས་སྐབས་20པ(བསྡུས་མིང་ལ་སྔོ་ཚལ་འགྲེམས་ཚོགས)“ཀྲུང་གོའི་སྔོ་ཚལ་གྱི་ཕ་ཡུལ”ཧྲན་ཏུང་ཞིང་ཆེན་ཧྲུའུ་གོང་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། སྔོ་ཚལ་དང་། ཤིང་ཏོག མེ་ཏོག་སྤུས་ལེགས་གྲགས་ཅན་སྣ་ཁ་2000ལྷག་ཙམ་འགྲེམས་སྟོན་བྱས་པས་ཧོ་ལན་དང་། མ་ལེ་ཞི་ཡ། ཐེ་ལན། ཕོ་ཧེ་སོགས་རྒྱལ་ཁབ་ཀྱི་ཚོང་པའི་ཡིད་དབང་བཀུག་ཡོད།
     སྐབས་འདིའི་སྔོ་ཚལ་འགྲེམས་ཚོགས་ཀྱིས“ལྗང་མདོག་དང་། ཚན་རྩལ། འབྱུང་འགྱུར”བཅས་བརྗོད་དོན་གཙོ་བོར་བྱས་པ་དང“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་རྒྱལ་ཁབ་ཕྱི་ནང་གི་སྔོ་ཚལ་ཐོན་ལས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་། སྣ་ཁ་གསར་པ། གྲུབ་འབྲས་གསར་པ་བཅས་ཕྱོགས་ཡོངས་ནས་གཅིག་སྡུད་འགྲེམས་སྟོན་དང་སྤེལ་རེས་མཉམ་སྤྱོད་བྱས་ནས་ཞིང་ལས་ཚན་རྩལ་ཡར་ཐོན་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་མཁན་རེད།