འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ངོགས་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ལྷག་ཙམ་གྱིས་ཧུའུ་པེར་རྒྱལ་ཁབ་གཅིག་གྱུར་དང་
མི་རིགས་བསྐྱར་དར་གྱི་སྐོར་ལ་བགྲོ་གླེང་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། “མཉམ་འདྲེས་འཕེལ་རྒྱས་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི“རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་སྐོར་གྱི་བགྲོ་གླེང་ཚོགས་འདུ”སྐབས་གཉིས་པ་ཚེས་20ཉིན་ཝུའུ་ཧན་དུ་འཚོགས་པ་རེད། ངོགས་གཉིས་པོའི་འབྲེལ་བའི་ཞིབ་འཇུག་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ལྷག་ཙམ་གྱིས“སྲིད་ཇུས་ཀྱི་བཞེད་དོན་འགངས་ཆེན་ཁག་ལྔ”དང་ལྷག་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཐའེ་དབན་གྱི་ཇུས་གཞིར་དམིགས་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ལ་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་བ་རེད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་ཡིས་ངོགས་གཉིས་ཀྱི་ཐའེ་དབན་གནད་དོན་གྱི་མཁས་དབང་དང་ལྷག་པར་དུ་ཐའེ་དབན་གྱི་མཁས་དབང་གིས་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་བྱ་གཞག་ཆེན་པོའི“ཇུས་འདོན་མཁན”དང“སྐུལ་འདེད་མཁན” “ལག་བསྟར་མཁན”བཅས་བྱེད་དགོས། ཐའེ་དབན་གྱི་མདུན་ལམ་ནི་རྒྱལ་ཁབ་གཅིག་གྱུར་ལ་ཐུག་ཡོད་པ་དང་། སྤུན་ཟླ་ཐའེ་དབན་བའི་བདེ་རྩ་ནི་མི་རིགས་བསྐྱར་དར་དང་འབྲེལ་བ་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་ཆེད་འཇོན་ཐང་དང་མཁྱེན་པ་ལེགས་སྐྱེས་འབུལ་བ་དང་ཐའེ་དབན་གྱི་མཁས་དབང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གླིང་ཕྲན་ནང་གི་དམངས་ཚོགས་ལ་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱི་གོ་སྐབས་ངོ་སྤྲོད་ཧུར་ཐག་བྱེད་པ་དང་དུས་མཚུངས། ཀྲུང་ཧྭའི་ལོ་རྒྱུས་ཀྱི་རིག་གནས་ནས་སྙིང་བཅུད་བསྡུ་ལེན་བྱས་ཏེ་ལོ་རྒྱུས་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རེ་ཡོད་ཅེས་བཤད།
     མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སུན་ཡ་ཧྥུས་དུས་རབས་གསར་པའི་ངོགས་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ནི་སྐམ་ས་ཆེ་མོའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པར་གནས་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཐའེ་དབན་དུས་བབ་ཀྱི་གཞི་རྩའི་བཀོད་པའི་ཁྲོད་ཀྱི་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ངོགས་གཉིས་ཀྱི་དཔལ་འབྱོར་རིག་གནས་སྤྱི་ཚོགས་ཀྱི་འབྲེལ་བ་དེ་དེ་སྔོན་གྱི་དུས་བབ་གང་རུང་ལས་ཀྱང་ཟབ་པ་དང་། སྐམ་ས་ཆེ་མོས་ཐའེ་དབན་ལ་འཛིན་པའི་མཛད་ཕྱོགས་སྲིད་ཇུས་དེ་བས་ཕུན་སུམ་ཚོགས་པ་དང་འཐུས་སྒོ་ཚང་བས་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་འགྲོ་ཕྱོགས་དེ་བས་ཤུགས་ཆེ་བ་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་ཕྱོགས་དེ་བས་ཤུགས་དང་ལྡན་པ་ཡོང་སྲིད་ཅེས་བཤད།
     ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་ཨར་ཁེན་ཅང·ཐུའུ་ལ་ཧུང་གིས་ཉེ་བའི་ལོ་ཤས་རིང་། ཧུའུ་པེས“ཧུའུ་པེ་ཞིང་ཆེན་གྱི་ཐའེ་དབན་ལ་ཕན་པའི་དོན་ཚན་62”སོགས་ཀྱི་ཐའེ་དབན་ལ་ཕན་པའི་བྱ་ཐབས་རབ་དང་རིམ་པ་བཏོན་པས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བར་ཁ་ཡོད་ལག་ཡོད་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། གཟི་བརྗིད་ཚོར་སེམས་བཅས་བྱུང་ཡོད། མིག་སྔའི་བར་རིམ་རྩིས་ལྟར་ན་ཧུའུ་པེས་ཐའེ་དབན་ལ་མ་དངུལ་བཞག་པའི་ཁེ་ལས་2700ལྷག་ཙམ་ཡོད་པ་དང་། རིམ་རྩིས་ལྟར་ན་སྤུན་ཟླ་ཐའེ་དབན་བ་མི་ཐེངས་ཁྲི་400ལྷག་ཙམ་ཧུའུ་པེར་འཚམས་འདྲི་དང་སྤེལ་རེས་བྱེད་པར་སླེབས་བས་ས་གནས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་དེ་བས་ཟབ་པ་དང་སྤུན་ཟླའི་མཛའ་གྲོགས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། འབྱུང་འགྱུར་ཧུའུ་པེ་ཞིང་ཆེན་གྱིས་ཐའེ་དབན་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཧུའུ་པེ་དང་ཐའེ་དབན་ས་གནས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་རེད་ཅེས་བཤད།