འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ཕྱོགས་བཞིའི་མཉམ་ལས་ཀྱིས་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་
འདེད་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཞིང་པའི་མཉམ་ལས་ཁང་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས་ཞིང་དུད་ཆུང་ངུ་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འཁོར་ལམ་དུ་འཁྲིད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཞིང་ལས་གྲོང་གསེབ་པུས་ཚེས་19ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཞིང་པའི་མཉམ་ལས་ཁང་ལ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད། ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སི་དང་། ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་པ། ཀྲུང་གོ་འབྲུ་སྣུམ་བཟའ་བཅའ་ཚོགས་པ། ཀྲུང་གོ་སྦྲག་སྲིད་བཅས་ཕྱོགས་བཞིས་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་མཉམ་ལས་འཆར་གཞིའི་གྲོས་མཐུན་དང་ལག་བསྟར་ཇུས་གཞིར་མཉམ་དུ་མིང་རྟགས་བཀོད་པ་རེད།
     “ཕྱོགས་བཞིའི་མཉམ་ལས་ནི་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཞིང་པའི་མཉམ་ལས་ཁང་ལ་རྒྱབ་སྐྱོར་བྱེད་པའི་འགོ་འཛུགས་ས་གསར་པ་ཞིག་རེད” འཆར་གཞིའི་གྲོས་མཐུན་དང་ལག་བསྟར་གྱི་ཇུས་གཞི་ལྟར་ན། ཁེ་ལས་གསུམ་གྱིས་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས། ཞིང་པའི་མཉམ་ལས་ཁང་ལ་ཕྱིར་ཚོང་དང་། ཟོག་འགྲེམས། མ་རྩ་བསྡུ་སྒྲིལ། ལག་རྩལ་སོགས་ཀྱི་ཞབས་འདེགས་ཞུ་མཁན་ཡིན་པ་དང་། ཞིང་ལས་གྲོང་གསེབ་པུས་འགན་ནུས་ལ་གཞི་བཙུགས་ཏེ་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་། མ་ལག་འཛུགས་སྐྱོང་། ཆ་འཕྲིན་སྤེལ་རེས། འབྲེལ་འདྲིས་མཐུན་སྦྱོར། ཞིང་པའི་མཉམ་ལས་ཁང་གི་དཔེ་སྟོན་ཁང་འོས་སྦྱོར་སོགས་ཀྱི་ཐད་ནས་ཕྱོགས་མང་མཉམ་ལས་ལ་ཞབས་འདེགས་ཡག་པོ་ཞུ་གི་ཡིན་ཞེས་ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་སི་ཀྲང་ཀྲང་ཐེན་ཙུའོ་ཡིས་བརྗོད།