འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།རང་རྒྱལ་གྱི་ཉིང་རྡུལ་གློག་གཏོང་འཕྲུལ་ཚན་བདེ་འཇགས་འཁོར་སྐྱོད་བྱེད་ཚད་རིམ་རྩིས་ཏུད་
ལོ་300ཙམ་ཟིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཞི་པ་དེ་ཡིན་ཞིང། སྣོད་བཅུད་ཁོར་ཡུག་པུའུ(རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས)དང་། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་བཅས་ཀྱིས་པེ་ཅིང་དུ་མཉམ་དུ་2019ལོའི“སྨྱན་སྦྱོར་ཉིང་གློག་ཏུ་བསྐྱོད་པའི”བྱེད་སྒོ་སྤེལ་བ་རེད། གསར་འགོད་པས་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པར། 2019ལོའི་ཟླ་བ་བཞི་པ་བར་རང་རྒྱལ་གྱི་ཉིང་རྡུལ་གློག་གཏོང་འཕྲུལ་ཚན་བདེ་འཇགས་འཁོར་སྐྱོད་བྱེད་ཚད་རིམ་རྩིས་ཏུད་ལོ་300ཙམ་ཟིན་པ་དང་རྒྱལ་སྤྱིའི་ཉིང་རྡུལ་དང་འགྱེད་འཕྲོའི་ལས་འཛོལ་རིམ་དབྱེའི་ཆུ་ཚོད(INES)རིམ་པ་གཉིས་པ་ཡན་གྱི་དོན་རྐྱེན་ནམ་ཡང་ན་ལས་འཛོལ་ཐོན་མྱོང་མེད་པར་བདེ་འཇགས་གནས་ཚུལ་བརྟན་པོ་ཡོད་པ་རེད། འཛམ་གླིང་ཉིང་རྡུལ་གཉེར་སྐྱོང་མཐུན་ཚོགས(WANO)ཀྱི་བསྡོམས་རྩིས་གྲངས་གཞི་ལས། རང་རྒྱལ་གྱི་ཉིང་རྡུལ་གློག་གཏོང་འཕྲུལ་ཚན་གྱི་འཁོར་སྐྱོད་དམིགས་ཚད་ནང་80%ཡན་འཛམ་གླིང་གི་འབྲིང་གྲས་ལས་ལེགས་པ་དང་70%ཡན་གྱི་དམིགས་ཚད་རྒྱལ་སྤྱིའི་སྔོན་ཐོན་བར་མཐོངས་སུ་གནས་ཏེ་མུ་མཐུད་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད།