འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ཕུའུ་ཅིང་དང་ཅིན་ཀྲེང་ཨེན་གཉིས་ཟླ་4པའི་ཟླ་མཇུག་སྔོན་ལ་ཐུག་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་19ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན། ཨུ་རུ་སུའི་ཁེ་རེམ་ལིན་གཞུང་གི་དྲ་ཚིགས་ནས་སྤེལ་བའི་གསལ་བསྒྲགས་སུ། ད་ལོའི་ཟླ་4པའི་ཟླ་མཇུག་སྔོན་ལ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གཉིས་ཐུག་འཕྲད་བྱ་རྒྱུ་ཡིན་ཟེར། 
     གསལ་བསྒྲགས་ནང་བཤད་དོན། ཕུའུ་ཅིང་གིས་གདན་ཞུས་ལྟར། ཟླ་4པའི་ཟླ་སྨད་ལ་ཅིན་ཀྲེང་ཨེན་གྱིས་ཨུ་རུ་སུ་ལ་འཚམས་འདྲི་བྱ་རྒྱུ་རེད། གསལ་བསྒྲགས་ནང་ཐེངས་འདིའི་ཨུ་རུ་སུ་དང་དང་ཁོ་རེ་ཡ་བྱང་མའི་འགོ་ཁྲིད་བར་ཐུག་འཕྲད་ཀྱི་འབྲེལ་ཡོད་ཞིབ་ཕྲའི་དོན་དག་གསལ་པོ་བཤད་མེད། 
    ཚེས་17ཉིན་ཨུ་རུ་སུའི《ཆ་འཕྲིན་ཚགས་པར》གྱིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་གནས་ཚུལ་རྟོགས་མཁན་གྱི་ནང་གཏམ་དྲངས་ནས་གནས་ཚུལ་སྤེལ་དོན། གཟའ་འཁོར་རྗེས་མར་ཅིན་ཀྲེང་ཨེན་གྱིས་ཨུ་རུ་སུ་ལ་འཚམས་འདྲི་བྱ་རྒྱུ་ཡིན་ཞིང་། ད་ལྟ་གྲ་སྒྲིག་གི་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན་ཟེར།