འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སུ་ཡིག་སྐུར་ངོ་གཏུག་དང་ཐེར་
འདོན་ཡིག་ཆ་ཐེངས་ཁྲི་75.2འབྱོར་ཡོད་ལ། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་10ལ་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་18ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་དྲ་ཚིགས་ཐོག་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2019ལོའི་དུས་ཚིགས་དང་པོའི་ནང་། རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་སུ་ཡིག་སྐུར་ངོ་གཏུག་དང་ཐེར་འདོན་ཡིག་ཆ་ཁྱོན་ཐེངས་ཁྲི་75.2འབྱོར་ཡོད་པ་སྟེ། གནད་དོན་གྱི་ཁུངས་སྣེ་ཡོད་པ་ཁྲི་36.4ཐག་བཅད་པ་དང་། ཁྲི་7.2ལ་གླེང་མོལ་དང་འཕྲིན་འདྲི་བྱས། ཁྲི་13.8གྱོད་ཐོར་བཀོད། མི་ཁྲི་11.7(དེའི་ནང་དུ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་མཁན་ཁྲི་9.8ཟིན)ལ་ཆད་པ་བཅད་ཡོད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་10དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་སྟོང་གཅིག  རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་སྟོང་ལྔ།  ཤང་དང་ཁའོ་རིམ་པའི་ལས་བྱེད་པ་ཁྲི་1.7 སྤྱི་བཏང་གི་ལས་བྱེད་པ་ཁྲི་2.1བཅས་དང་། གྲོང་གསེབ་དང་ཁེ་ལས་ཀྱི་མི་སྣ་གཞན་དག་ཁྲི་7.3ལ་ཆད་པ་བཅད་ཡོད།
     2019ལོའི་དུས་ཚིགས་དང་པོའི་ནང་། རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་སྒྲིག་བསྟར་གྱི་“རྣམ་པ་བཞི”སྤྱད་ནས། མི་ཐེངས་ཁྲི་36.1ལ་ཆད་པ་བཅད། དེའི་ཁྲོད་དུ་རྣམ་པ་དང་པོའི་མི་ཐེངས་ཁྲི་24.1ཡོད་ཅིང་། དེས་“རྣམ་པ་བཞི”ཡིས་ཐག་བཅད་པའི་སྤྱིའི་མི་ཐེངས་ཀྱི་66.9%ཟིན་ཞིང་། རྣམ་པ་གཉིས་པའི་མི་ཐེངས་ཁྲི་9དང་། དེས་25%ཟིན། རྣམ་པ་གསུམ་པའི་མི་ཐེངས་ཁྲི་1.6དང་། དེས་4.3%ཟིན། རྣམ་པ་བཞི་པའི་མི་ཐེངས་ཁྲི་1.4དང་། དེས་3.8%ཟིན་ཡོད།