འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་སློབ་རའི་གདན་ཞུའི་འདུ་ཚོགས་ཨེ་ཅིབ་ཀྱི་སུ་དབྱི་ཧྲི་མིས་བཟོས་
གཙང་པོའི་སློབ་ཆེན་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཨེ་ཅིབ་ཀྱི་གྲོང་ཁྱེར་དབྱི་སི་མེ་ལི་ཡཱ་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། སུ་དབྱི་ཧྲི་མིས་བཟོས་གཙང་པོའི་སློབ་ཆེན་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་སློབ་རའི་གདན་ཞུའི་འདུ་ཚོགས་ཚེས་15ཉིན་ཨེ་ཅིབ་བྱང་ཤར་རྒྱུད་ཀྱི་གྲོང་ཁྱེར་དབྱི་སི་མེ་ལི་ཡཱ་རུ་འཚོགས་པར་ཀྲུང་གོའི་མ་འཇོག་ཁེ་ལས་20ལྷག་ཞུགས་ཡོད་པ་རེད།
     ཐེངས་འདིའི་གདན་ཞུའི་འདུ་ཚོགས་ནི། སུ་དབྱི་ཧྲི་མིས་བཟོས་གཙང་པོའི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གཙོ་གཉེར་བྱས་ཤིང་། སློབ་གླིང་དེའི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀྲུའུ་ཐིང་ཐིང་གིས་གསར་འགོད་པར། མིག་སྔར་ཨེ་ཅིབ་ཏུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་མང་དུ་ཕྱིན་པས་གདན་ཞུ་དཀའ་བའི་གནད་དོན་རྒྱ་ཁྱབ་ཏུ་ལྷགས་ཡོད། སུ་དབྱི་ཧྲི་མིས་བཟོས་གཙང་པོའི་སློབ་ཆེན་ལ་ད་ཆ་སློབ་མ་ཁྲི་5ཙམ་ཡོད་པར་ལས་ཞུགས་དཀའ་བའི་གནད་དོན་ལྷགས་ཡོད། དེར་བརྟེན། ཐེངས་འདིའི་གདན་ཞུའི་འདུ་ཚོགས་ཀྱིས་ཁེ་ལས་དང་སློབ་མའི་དབར་ལས་སྟེགས་ཤིག་བསྐྲུན་ཡོད་ཅེས་བརྗོད།