འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།བདེ་ཐང་གོམ་བགྲོད་ཀྱི་འགྲན་བསྡུར་སྐབས་བཞི་པ་འགོ་ཚུགས་པ། 

རྒྱལ་ཡོངས་ཀྱི་ཆུས་དང་རྫོང་600ཡི་མི་ཁྲི་30ལྷག་ཙམ་ འགྲན་བསྡུར་ལ་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    2016ལོའི་རྒྱལ་ཡོངས་ཀྱི་ཆུས་དང་རྫོང་209ཡི་མི་ཁྲི་3ཞུགས་པ་དང་བསྡུར་ན་འདི་ལོ་གཞི་ཁྱོན་ལྡབ་10ཆེ་རུ་སོང་བ། 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་ཆུས་དང་རྫོང་600ཡི་མི་ཁྲི་30ལྷག་ཙམ་དུས་ཡུན་ཉིན་100ཡི་བདེ་ཐང་གོམ་བགྲོད་ཀྱི་འགྲན་བསྡུར་ལ་ཞུགས་པ་དང་། བདེ་ཐང་གོམ་བགྲོད་ཀྱི་འགྲན་བསྡུར་སྐབས་བཞི་པ་ཉིན་ཤས་གོང་གཙོ་གཉེར་གྲོང་ཁྱེར་ཧྲན་ཏུང་ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་སུ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ནི་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་མཛུབ་ཁྲིད་དང་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གཅོང་ནད་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། 
     ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཧྲུའུ་ཅི་ལི་ཤིན་ཧྭ་ཡིས། 2016ལོར། རྒྱལ་ཡོངས་ཀྱི་ཆུས་དང་རྫོང་209ཡི་མི་ཁྲི་3ཞུགས་པ་དང་བསྡུར་ན་འདི་ལོ་གཞི་ཁྱོན་ལྡབ་10ཆེ་རུ་སོང་ཡོད། བདེ་ཐང་གོམ་བགྲོད་ཀྱི་འཚོ་བ་རོལ་སྟངས་ཡག་པོ་འདིར་མི་སྔར་བས་མང་བས་དགའ་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     བདེ་ཐང་གོམ་བགྲོད་ཀྱི་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས《ཟླ་5ཚེས་11ཉིན་གྱི“དམངས་ཡོངས་བདེ་ཐང་གོམ་བགྲོད་ཉིན་མོ”འཛུགས་རྒྱུའི་སྐོར་གྱི་གྲོས་གཞི》དངོས་སུ་འགྲེམས་སྤེལ་བྱས་པ་དང་། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གཅོང་ནད་ལྟེ་གནས་ཀྱི་ཧྲུའུ་ཅི་ལི་ཀྲི་ཤིན་གྱིས“11”རྐང་པ་གཉིས་དང་འདྲ་བས། “5.11”ཡིས“ངས་བདེ་ཐང་གོམ་བགྲོད་བྱ་རྒྱུ”དང“ང་ལ་བདེ་ཐང་དགོས་པའི”རེ་འདུན་མཚོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ལའེ་ཝུའུ་ཆུས་ཀྱིས་ཚན་རིག་དང་མཐུན་པའི་བདེ་ཐང་གོམ་བགྲོད་ཀྱི“བརྒྱ་སྟོང་ཁྲིའི་འདུ་འགོད”བཏོན་པ་སྟེ། ལས་ཁུངས་བརྒྱ་དང་། ཁེ་ལས་བརྒྱ། སྡེ་ཁུལ་བརྒྱ། ཚོགས་པ་བརྒྱ། ཁྱིམ་ཚང་བརྒྱ་བཅས་དང་། བདེ་ཐང་མཛུབ་ཁྲིད་པ་1000དང་། བདེ་ཐང་གོམ་བགྲོད་པ་1000སྐྱེད་སྲིང་བྱ་རྒྱུ། མི་ཁྲི་བདེ་ཐང་གོམ་བགྲོད་བྱེད་སྒོར་ཞུགས་པ། བདེ་ཐང་གོམ་བགྲོད་པ་ཁྲིའི་བདེ་ཐང་སྟོན་གྲངས་འཚོལ་བསྡུ་བྱས་ནས་འགྲན་བསྡུར་ལ་ཞུགས་པའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་རེད།