འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་18ཉིན།

༄༅།།དུས་ཚིགས་དང་པོའི་གྲངས་གཞི་ཆེ་མོ་དྲུག་ལས་ཀྲུང་དབྱང་ཁེ་ལས་འཁོར་སྐྱོད་བྱེད་འགོ་ཡག་པོ་
ཚུགས་པ་མངོན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདི་ལོ་ཚུན་དུ་རང་རྒྱལ་གྱི་ཀྲུང་དབྱང་ཁེ་ལས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཁྲོམ་ར་ཅན་གྱི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་མཐའ་འཁྱོངས་བྱས་པས་ཁེ་ལས་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་འགྲོ་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་དུས་ཚིགས་དང་པོར་འགོ་ཡག་པོ་ཚུགས་ཡོད་པ་རེད།
    གཞུང་རྒྱུ་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་ཧྥེང་ཧྭ་ཀང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལས་གཉེར་ཡོང་འབབ་ཀྱི་ཐོག་ནས་བལྟས་ཚེ། དུས་ཚིགས་དང་པོར་ཀྲུང་དབྱང་ཁེ་ལས་ལ་རིམ་རྩིས་ལྟར་ན་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6.8ཟིན་ནས་དུས་མཚུངས་ལས་6.3%འཕར་བ་དང་། དེའི་ཁྲོད་ཟླ་3པར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2.6ཟིན་ནས་10.6%འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཕན་འབྲས་ཀྱི་གནས་ཚུལ་ཐོག་ནས་བལྟས་ཚེ། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་དབྱང་ཁེ་ལས་ལ་རིམ་རྩིས་ལྟར་ན་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་4265ཟིན་ནས་དུས་མཚུངས་ལས་13.1%འཕར་ཡོད་པ་དང་། དེའི་ནང་ཟླ་3པར་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་1882.8ཟིན་ནས་10.8%འཕར་ཡོད་པ་རེད།
     དུས་ཚིགས་དང་པོར། ཀྲུང་དབྱང་ཁེ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་3840.2བྱས་ནས་དུས་མཚུངས་ལས་9.7%འཕར་བ་དང་། འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.8མཐོ་བ་ཡོད་པ་རེད། དོ་ཁུར་བྱེད་འོས་པ་ཞིག་ལ། རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་འཕྲིན་གཏོང་སོགས་ལས་རིགས་ཁེ་ལས་ཀྱིས་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ནས་དུས་མཚུངས་ལས་39.3%དང་39.5%སོ་སོར་འཕར་ཡོད་པ་རེད།
     “ཀྲུང་དབྱང་ཁེ་ལས་ཀྱིས་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བའི་ལས་དོན་ལེགས་པར་བསྒྲུབས་པས་སྣུམ་དང་། གློག་སོལ་སོལ་བཅས་འདྲེན་པའི་རྨང་གཞིའི་མཁོ་སྤྲོད་བརྟན་པོ་འཕར་ཡོད”ཅེས་ཧྥེང་ཧྭ་ཀང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་དུས་ཚིགས་དང་པོར་མ་བཅོས་རྡོ་སྣུམ་ཐོན་ཚད་དང་བཅོས་སྣུམ་ཕྱིར་ཚོང་བྱེད་ཚད་3.4%དང་7.4%སོ་སོར་འཕར་ཡོད་པ་དང་། རང་བྱུང་སོལ་རླངས་དང་ཚོང་སྒྱུར་རྡོ་སོལ་ཕྱིར་ཚོང་བྱེད་ཚད་5.2%དང་3.8%འཕར་བ་དང་། གློག་དྲའི་ཁེ་ལས་ཀྱི་གློག་ཚོང་ཚད་དང་གློག་འདོན་ཁེ་ལས་ཀྱི་གློག་འདོན་ཚད་6.9%དང་4.9%སོ་སོར་འཕར་ཡོད་ཅེས་བརྗོད་པ་རེད།