འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་18ཉིན།

༄༅།།མེ་ཤོར་རྗེས་ཀྱི་ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་17ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མེ་ཤོར་རྗེས་ཀྱི་ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་།
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་གྱི་ཆུ་ཚོད་18ཡས་མས་སུ། ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་གློ་བར་དུ་མེ་ཤོར་བ་རེད། དེ་རྗེས་ཆུ་ཚོད་འགའི་རིང་དུ། མེ་གསོད་མི་སྣ་500ལྷག་གིས་མེ་གསོད་རླངས་འཁོར་བཅུ་ཕྲག་ཁ་ཤས་དང་མེ་གསོད་སྒྲིག་ཆས་མང་པོ་སྤྱད་ནས་མེ་བསད་པ་རེད། ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར།  ཁྱོན་ཡོངས་ནས་མེ་བསད་ཐུབ་པས། ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་གི་ཁང་སྟེང་དང་རྩེ་མོ་མེ་ཤོར་ན་ཡང་ཁང་པའི་གཞི་ཁོག་ལ་སྐྱོན་བྱུང་མེད་ཅིང་། ཡེ་ཤུའི་མ་ཡུམ་མཆོད་ཁང་ནང་གི་རིག་དངོས་རྩ་ཆེན་ཏེ་“ཡེ་ཤུའི་ཚེར་མའི་ཅོད་པན”དང་“སན་ལུའུ་དབྱིའི་མཆོད་གོས”སོགས་ལའང་གནོད་སྐྱོན་ཤོར་མེད།  མིག་སྔར་མེ་སྐྱོན་གནོད་འཚེར་བརྟག་དཔྱད་དང་དཔྱད་འཇོག་བྱེད་བཞིན་ཡོད། 
【1】  【2】  【3】  
༄༅།།མེ་ཤོར་རྗེས་ཀྱི་ཕ་རི་སི་ཡེ་ཤུའི་མ་ཡུམ་མཆོད་ཁང་།