འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་17ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒན་གསོའི་
ཞབས་ཞུ་གོང་འཕེལ་གཏོང་རྒྱུའི་འབྲེལ་ཡོད་སྲིད་ཇུས་ཀྱི་བརྡ་གཏོང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་17ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒན་གསོའི་
ཞབས་ཞུ་གོང་འཕེལ་གཏོང་རྒྱུའི་འབྲེལ་ཡོད་སྲིད་ཇུས་ཀྱི་བརྡ་གཏོང་ཚོགས་འདུ་འཚོགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཆར་ཅན་གྱི་སྲིད་ཇུས་བརྡ་གཏོང་ཚོགས་འདུ་འཚོགས་པ་དང་། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀའོ་ཞའོ་པིང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་སྤྱི་ཚོགས་སིའི་སི་ཀྲང་ཨའོ་ཞའོ་ལི། དམངས་སྲིད་པུའི་རྒན་གསོ་ཞབས་ཞུ་སིའི་འགན་འཁུར་བ་ཧོང་ཧྲེང་ཝེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལས་རིགས་ནུས་པ་སིའི་འགན་འཁུར་བ་ཝང་ཞའོ་ཅུན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རྒན་རྒོན་བདེ་ཐང་སིའི་སི་ཀྲང་ཝང་ཧའེ་ཏུང་། རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའི་མེ་གསོད་རོགས་སྐྱོབ་ཅུས་ཀྱི་འགན་འཁུར་བ་ལའོ་ཡུང་ཆང་བཅས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒན་གསོའི་ཞབས་ཞུ་གོང་འཕེལ་གཏོང་རྒྱུའི་འབྲེལ་ཡོད་སྲིད་ཇུས་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།