འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་17ཉིན།

༄༅།།ལྷ་སའི་ཕ་བོང་ཁར་ཁམ་བུའི་མེ་ཏོག་རབ་ཏུ་བཞད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་17ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་སའི་ཕ་བོང་ཁར་ཁམ་བུའི་མེ་ཏོག་རབ་ཏུ་བཞད།
     མི་དམངས་དྲ་བའི་འཕྲིན། རྒྱ་མཚོའི་ངོས་ལས་ས་བབས་མཐོ་བའི་རྒྱུ་མཚན་གྱིས་ཟླ་བ་བཞི་པའི་ཟླ་དཀྱིལ་དུ་ལྷ་སའི་ཕ་བོང་ཁའི་ཉེ་འགྲམ་གྱི་ཁམ་བུའི་མེ་ཏོག་རྣམས་ད་ལྟ་རབ་ཏུ་བཞད་ནས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་བཞིན་ཡོད་པ་རེད།
     ཕ་བོང་ཁ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་རྒྱུད་ཉང་བྲན་ཤང་དུ་ཆགས་ཤིང་། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་3900ཙམ་ཡོད་པས།  སྟེང་ནས་ལྷ་ས་གྲོང་ཁྱེར་ལ་ལྟ་ཆོག་གི་ཡོད། ཡུལ་དངོས་ནས་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། དགོན་པའི་གྲྭ་པ་རྣམས་ཀྱིས་མཚམས་རེ་ལོ་མང་ཕྱིན་པའི་ཁམ་སྡོང་འོག་ཆོས་རྩོད་པ་དང་། ཡུལ་སྐོར་བས་ལྟ་སྐོར་དུ་འགྲོ་སྐབས་སྤ་སེ་ཉོ་མི་དགོས།  ཡིན་ཡང་ཡ་རབས་སྤྱོད་བཟང་ངང་ལྟ་སྐོར་བྱེད་དགོས་ཀྱི་ཡོད།
【1】  【2】
༄༅།།ལྷ་སའི་ཕ་བོང་ཁར་ཁམ་བུའི་མེ་ཏོག་རབ་ཏུ་བཞད།