འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་17ཉིན།

༄༅།།སློབ་གསོ་པུས་2019ལོའི་མཐོ་རྒྱུགས་ཀྱི་དུས་ཚོད་ཟླ་6ཚེས་7དང་ཚེས་8ཉིན་ཡིན་པ་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་16ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སློབ་གསོ་པུའི་གཞུང་ཕྱོགས་སྐད་འཕྲིན་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། སློབ་གསོ་པུས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི《2019ལོའི་མཐོ་སློབ་སློབ་དཀྱུས་མ་སོགས་སློབ་གྲྭའི་སློབ་བསྡུའི་ལས་དོན་སྐོར་གྱི་བརྡ་ཐོ》(གཤམ་དུ་《བརྡ་ཐོ》ཞེས་བསྡུ་རྒྱུ།) 《བརྡ་ཐོའི》ཟུར་བཀོད་ནང་《2019ལོའི་མཐོ་སློབ་དཀྱུས་མ་སོགས་སློབ་གྲྭའི་སློབ་བསྡུའི་ལས་དོན་སྐོར་གྱི་གཏན་འབེབས།》ནང་ད་ལོའི་རྒྱུགས་སྤྲོད་ཀྱི་དུས་ཚོད་ཁ་གསལ་སྟོན་པ་དང་། ཟླ་6ཚེས་7ཉིན་གྱི་ཆུ་ཚོད་9:00ནས་11:30བར་རྒྱ་ཡིག་ཡིག་རྒྱུགས་དང་། ཆུ་ཚོད་15:00ནས་17:00བར་ཨང་རྩིས་ཡིག་རྒྱུགས།  ཟླ་6ཚེས་8ཉིན་གྱི་ཆུ་ཚོད་9:00ནས་11:30བར་རིག་ཚན་ཕྱོགས་བསྡུས་སམ་དངོས་ཚན་ཕྱོགས་བསྡུས་ཀྱི་ཡིག
རྒྱུགས། ཆུ་ཚོད་15:00ནས17:00བར་ཕྱི་རྒྱལ་གྱི་སྐད་ཡིག་རྒྱུགས་སྤྲོད་བྱ་རྒྱུ་དང་ཕྱི་རྒྱལ་སྐད་ཡིག་གི་ཐོས་ནུས་རྒྱུགས་ལེན་གྱི་ནང་དོན་ཡོད་པའི་ཕྱི་རྒྱལ་སྐད་ཡིག་ཡིག་རྒྱུགས་མ་བྱས་གོང་བཀོད་སྒྲིག་བྱ་རྒྱུ་རེད།
ཞིང་ཆེན་དང་(ལྗོངས་དང་གྲོང་ཁྱེར)ཁག་གི་རྒྱུགས་སྤྲོད་སློབ་ཚན་གྱི་མིང་དང་རྒྱལ་ཡོངས་གཅིག་གྱུར་རྒྱུགས་སྤྲོད་སློབ་ཚན་གྱི་མིང་གཅིག་པ་ཡིན་པ་དག་ངེས་པར་དུ་རྒྱལ་ཡོངས་སུ་དུས་ཚོད་གཅིག་གི་ཐོག་བཀོད་སྒྲིག་བྱ་རྒྱུ་རེད།  ཞིབ་ཕྲའི་རྒྱུགས་སྤྲོད་སློབ་ཚན་གྱི་དུས་ཚོད་བཀོད་སྒྲིག་གནས་ཚུལ་སློབ་གསོ་པུའི་རྒྱུགས་སྤྲོད་ལྟེ་གནས་སུ་ཐོ་འགོད་སྙན་སེང་ཞུས་རྗེས་སྤེལ་རྒྱུ་རེད། ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་སྤྲོད་དང་མཐོ་སློབ་ཀྱི་སློབ་བསྡུའི་རྒྱུགས་སྤྲོད་དུས་ཚོད་ནི། ཁག་སོ་སོར་ཞིང་ཆེན་རིམ་པའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་དང་མཐོ་སློབ་ཀྱིས་སློབ་གསོ་པུའི་འབྲེལ་ཡོད་བླང་བྱར་གཞིགས་ནས་སྤེལ་རྒྱུ་རེད།