འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་17ཉིན།

༄༅།།བོད་ལྗོངས་དང་ནང་སོག་དབར་གྱི་ཐད་གཏོང་གནམ་གྲུ་ཐེངས་དང་པོ་འཕུར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་16ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་གྱི་སྔ་དྲོ། ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་བའི་ཁུང་ཁེ་རྟགས་ཅན་A320མཁའ་འགྲུལ་གནམ་གྲུ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཧུའུ་ཧོ་ཧའོ་ཐེའི་པའེ་ཐཱ་རྒྱལ་སྤྱིའི་གནམ་ཐང་ནས་བརྟན་པོའི་ངང་མཁའ་དབྱིངས་སུ་འཕུར་ཏེ། བོད་ལྗོངས་ལྷ་སའི་གོང་དཀར་གནམ་ཐང་དུ་འཕུར་བསྐྱོད་བྱས་པ་རེད།  མཁའ་ལམ་འདི་ནི་ནང་སོག་དང་བོད་ལྗོངས་དབར་གྱི་ཐད་གཏོང་གནམ་གྲུའི་མཁའ་ལམ་ཐོག་མ་དེ་ཡིན་ཞིང་། དེ་ཤར་གཏོང་ཐུབ་པ་དེས་ནང་སོག་ཏུ་གཞི་རྩའི་ཐོག་ནས་“ཞིང་ཆེན་གྱི་གཙོ་གནད་གྲོང་ཁྱེར་དུ་ཤར་གཏོང་ཐུབ་པའི་མཁའ་ལམ་”ཁྱོན་ཡོངས་ནས་ཁྱབ་པ་མཚོན་ཡོད། ཧུའུ་ཧོ་ཧའོ་ཐེའི་པའེ་ཐཱ་རྒྱལ་སྤྱིའི་གནམ་ཐང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།  མཁའ་ལམ་འདིའི་འཕུར་འགན་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་འཁུར་བ་དང་། གནམ་གྲུའི་ནང་འགྲུལ་པ་120བསྡད་ཆོག་ཅིང་། ཉིན་རེར་འཕུར་ཐེངས་གཅིག་དང་། གནམ་གྲུའི་ཨང་རྟགས་ནི་MU2355/56ཡིན་པ་རེད། གནམ་གྲུ་དེ་ཆུ་ཚོད་7དང་སྐར་མ་45ཡི་ཐོག་ཧུའུ་ཧོ་ཧའོ་ཐེ་ནས་འཕུར་སྟེ། ཆུ་ཚོད་14དང་སྐར་མ་40ཡི་ཐོག་ལྷ་སར་བབས་པ་རེད། ཆུ་ཚོད་15དང་སྐར་མ་30ཡི་ཐོག་ལྷ་ས་ནས་འཕུར་ཏེ། ཆུ་ཚོད་22དང་སྐར་མ་15ཡི་ཐོག་ཧུའུ་ཧོ་ཧའོ་ཐེར་བབས་པ་རེད། ལམ་བར་དུ་ཤིས་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་ཐང་དུ་འབབ་ཙམ་བྱས་པ་རེད།