འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་16ཉིན།

༄༅།།བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་གླིང་དུ་བསྐྱོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་15ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་གླིང་དུ་བསྐྱོད།
     མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སློབ་གླིང་དུ་བསྐྱོད་པའི་བྱེད་སྒོ་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། སློབ་གྲྭའི་སློབ་གཞི་གསར་སྤེལ་བྱེད་པ་དང་། ཁྱད་ཆོས་ལྡན་པའི་སློབ་ཚན་བཙུགས་པ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྲོལ་རྒྱུན་རིག་གནས་སློབ་གསོ་རྒྱ་ཆེར་སྤེལ་ཡོད། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་བསྟུན་ནས། སློབ་མའི་སློབ་གསེང་འཚོ་བ་ཕུན་སུམ་ཇེ་ཆེར་བཏང་ཡོད་པ་རེད།