འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་18ཉིན།

༄༅།།གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་15ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ནག་ཁུང་གི་འདྲ་པར།
ནག་ཁུང་གི་འདྲ་པར། 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། ཀྲི་ལི་སེན་ཏེ་ཨ་ཀོ་རུ། “དོན་རྐྱེན་མཐོང་རྒྱ་རྒྱང་ཤེལ”ལས་གཞི་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་རེད། ངོ་མཚར་ཆེ་བའི་ནག་ཁུང་དེ་མིའི་རིགས་ཀྱིས་དངོས་སུ་མཐོང་བར་གྱུར། ཚེས་10ཉིན་ཚན་རིག་ཞིབ་འཇུག་པ་ཉིས་བརྒྱ་ལྷག་མཉམ་ལས་ལ་ཞུགས་པའི་“དོན་རྐྱེན་མཐོང་རྒྱ་རྒྱང་ཤེལ”ལས་གཞི་ལས་འཛམ་གླིང་གི་ས་ཆ་མང་པོ་ནས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྤེལ་བ་དང་། ཁོང་ཚོས་བླངས་པའི་ནག་ཁུང་གི་འདྲ་པར་དང་པོ་སྤེལ་བ་རེད། 
【1】  【2】  【3】  【4】  【5】
     “ཡོ་རོབ་མནའ་འབྲེལ་ལས་འབུད་པ་”ཕྱིར་སྣུར་བྱས་པ། 
     ཆུ་ཚོད་འགའི་རིང་སྒོ་རྒྱག་བགྲོ་གླེང་བྱས་པར་བརྒྱུད། ཡོ་རོབ་དོན་གཅོད་ཁང་གི་ཀྲུའུ་ཞི་ཐུའུ་སི་ཁེ་ཡིས་ཚེས་11ཉིན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་27ལ་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འབུད་པའི་དུས་ཚོད་ཟླ་10ཚེས་31ཉིན་བར་ཕྱིར་སྣུར་རྒྱུ་མོས་མཐུན་བྱུང་ཡོད་པ་བརྗོད། འདི་ནི་ཟླ་4ཚེས་10ཉིན། པེར་ཀྲེམ་པུ་རུ་སེར་རུ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་རེ་ས་མའེ་ཡོ་རོབ་མནའ་འབྲེལ་དམིགས་བསལ་དབུ་ཚོགས་ལ་ཞུགས་པ།