འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་15ཉིན།

༄༅།།ཀྲུང་ཀྲི་ཚོགས་པས་སྒོར་དུང་ཕྱུར་10ཞལ་འདེབས་བརྒྱབ་ནས“སློབ་ཞུགས་གོང་དུ་སྤྱི་སྐད་
ཤེས་པར”རྒྱབ་སྐྱོར་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་15ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། “སློབ་ཞུགས་གོང་དུ་སྤྱི་སྐད་ཤེས་པའི”བྱ་སྤྱོད་ཀྱི་ཞལ་འདེབས་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་ཀྲི་ཚོགས་པས་སྒོར་དུང་ཕྱུར་10ཞལ་འདེབས་བརྒྱབ་ནས་བྱ་སྤྱོད་དེར་རྒྱབ་སྐྱོར་བྱས་པ་རེད། འབྱུང་འགྱུར་ལོ་བཅུ་ཡི་ནང་། ལོ་ལྟར་ཞལ་འདེབས་སྒོར་དུང་ཕྱུར་1རྒྱག་རྒྱུ་ཡིན་པ་དེ་དག“སློབ་ཞུགས་གོང་དུ་སྤྱི་སྐད་ཤེས་པའི”བྱ་སྤྱོད་ཐད་སྤྱོད་རྒྱུ་ཡིན་པ་དང་། ལོ་ལྟར་གྲངས་ཉུང་མི་རིགས་དང་ས་ཁུལ་དབུལ་པོའི་སློབ་ན་མ་ལོན་པའི་གོང་གི་བྱིས་པར་སྤྱི་སྐད་ཤེས་པར་རོགས་རམ་བྱ་རྒྱུ་རེད།
     བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་སྤྱི་སྐད་མི་ཤེས་པའི་ལོ་0ནས་6བར་གྱི་བྱིས་པ་ཧ་ལམ་ཁྲི་500ཙམ་ཡོད། བྱིས་པ་དེ་དག་གི་སློབ་ན་མ་ལོན་པའི་གོང་གི་སྐད་བརྡའི་གནད་དོན་ཐག་གཅོད་བྱ་རྒྱུར་རོགས་རམ་བྱེད་པ་དང་། སླད་ཕྱིན་སློབ་སྦྱོང་དང་འཚོ་བའི་ཁྲོད་སྐད་བརྡའི་རྨང་གཞི་ཡག་པོ་ཞིག་བཏིང་ནས་དབུལ་པོ་བུ་རབས་ཚ་བརྒྱུད་ཀྱི་གནད་དོན་འགོག་གཅོད་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་སློབ་གསོ་པུས་2018ལོར“སློབ་ཞུགས་གོང་དུ་སྤྱི་སྐད་ཤེས་པའི”བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་འགོ་ཚུགས་པ་དང་། བྱིས་པ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་སློབ་ཁྲིད་བྱེད་སྟངས་བརྒྱུད་བྱིས་པ་ཚོར་སྤྱི་སྐད་གོ་ཐུབ་པ་དང་། ཤོད་ཤེས་པ། ཤོད་ཕོད་པ། སྤྱོད་ཤེས་པ་བཅས་ལ་རོགས་རམ་བྱས་པ་མ་ཟད། འཚོ་བའི་གོམས་གཤིས་ཡག་པོ་ཞིག་ཀྱང་འཇགས་ཐབས་བྱས་ཡོད།
     སི་ཁྲོན་ལེང་ཧྲན་ཀྲོའུ་ནི“རང་སྐྱོང་ལྗོངས་གསུམ་དང་ཀྲོའུ་གསུམ”གྱི་གྲས་ཤིག་རེད། སྤྱི་སྐད་མི་ཤེས་པའི་ལོ་0ནས་6བར་གྱི་བྱིས་པ་ཧ་ལམ་ཁྲི་50ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་བཅུ་ཆ་གཅིག་ཟིན་ཡོད། 2018ལོའི་ཟླ་5ཚེས་27ཉིན། “སློབ་ཞུགས་གོང་དུ་སྤྱི་སྐད་ཤེས་པའི”བྱ་སྤྱོད་དེ་ལེང་ཧྲན་ཀྲོའུ་རུ་ཚོད་ལྟའི་ངང་སྤེལ་འགོ་ཚུགས་པ་དང་། ཉེ་བའི་ལོ་གཅིག་རིང་ཚོད་ལྟ་དེ་ལེང་ཧྲན་ཀྲོའུ་ཡི་རྫོང་དང་གྲོང་ཁྱེར་17དང་གྲོང་ཚོ་2540ཡི་བུ་བཅོལ་ཁང་གི་སློབ་ཁྲིད་ས་ཚིགས་2724ལ་ཁྱབ་ནས་བུ་བཅོལ་ཁང་གི་སློབ་གསོའི་ཟུར་ཁྲིད་པ་7000ཙམ་གྱིས་སློབ་ཁྲིད་བྱེད་སྟངས་ཀྱི་གསོ་སྦྱོང་གསར་པ་དང་ལེན་བྱས་པ་དང་། སློབ་ན་མ་ལོན་པའི་བྱིས་པ་ཁྲི་11“སློབ་ཞུགས་གོང་དུ་སྤྱི་སྐད་ཤེས་པའི”བྱ་སྤྱོད་ནང་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལེང་ཧྲན་ཀྲོའུ་ཡིས་ཚོད་ལྟའི་ཕྱོགས་སྡོམ་ཚོགས་འདུ་འཚོག་རྒྱུ་དང་། ཆ་རྐྱེན་འཛོམས་རྗེས“སློབ་ཞུགས་གོང་དུ་སྤྱི་སྐད་ཤེས་པའི”བྱ་སྤྱོད་དེ་ས་ཁུལ་དང་བྱིས་པ་དེ་བས་མང་བར་གོ་རིམ་ལྡན་པའི་སྒོ་ནས་ཁྱབ་པར་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་དེ་ཀྲུང་གོ་དབུལ་སྐྱོར་དང་བླངས་ཞབས་ཞུའི་ཡར་སྐུལ་ཚོགས་པ་དང་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་ཏེ་ཀྲུང་གོ་སྤྱི་ཚོགས་དབུལ་སྐྱོར་དྲ་ངོས་བརྒྱུད་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་ཞལ་འདེབས་སློང་བསྡུ་བྱ་རྒྱུ་རེད།