༄༅།།དེང་རབས་ཏུན་ཧོང་གི་རི་མོའི་བརྩམས་ཆོས་རྩེ་གྲ་ལན་ཀྲོའུ་རུ་བསྟན་པ།
གསར་འགྱུར་སྤེལ་དུས། 【2019ལོའི་ཟླ་ 04ཚེས་11ཉིན། 13:38】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། དེང་རབས་ཏུན་ཧོང་གི་རི་མོའི་བརྩམས་ཆོས་རྒྱལ་ནང་དུ་སྐོར་སྐྱོད་འགྲེམས་སྟོན་ལན་ཀྲོའུ་རུ་སྤེལ་བ་དང་། རི་མོ་བ་14ཡི་རི་མོའི་བརྩམས་ཆོས་རྩེ་གྲ་90འགྲེམས་སྟོན་བྱས། རི་མོ་བ་འདི་དག་གིས་དུས་ཡུན་རིང་པོར་ཏུན་ཧོང་གི་སྒྱུ་རྩལ་ལ་ཞིབ་འཇུག་བྱས་ཏེ། བྲག་ཕུག་གི་ལྡེབས་རིས་འདྲ་བཤུས་བྱེད་པ་ནས་སྒྱུ་རྩལ་གྱི་འགོ་བརྩམས་པ་དང་། གནའ་མིའི་རི་མོ་འབྲི་ལུགས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག རང་ཉིད་ཀྱི་བསམ་པའི་བཀོད་པ་དང་གསར་གཏོད་ཀྱི་རྣམ་པ་རྒྱ་བསྐྱེད་ཅིང་། ཏུན་ཧོང་སྒྱུ་རྩལ་གྱི་རྫོགས་མེད་ཀྱི་གསོན་ཤུགས་རྒྱུན་བསྲིངས་པ་རེད།
【1】
【2】