འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་11ཉིན།

༄༅།།རང་རྒྱལ་གྱིས་གཙོ་ཁྲིད་བྱས་པའི་རྒྱལ་སྤྱིའི་ཞིང་ལས་ཚན་རྩལ་དབུལ་སྐྱོར་རྣམ་གྲངས་ཀྱིས་འཛམ་གླིང་གི་འབྲུ་རིགས་
ཐོན་སྐྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་11ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་གཉེར་བའི“ཨ་ཧྥེ་རི་ཁ་་དང་ཨེ་ཤེ་ཡའི་ཐོན་ཁུངས་དབུལ་བའི་ས་ཁུལ་ལ་ལྗང་མདོག་རིམ་འདས་ཆུ་འབྲས་སྐྱེད་སྲིང་བྱེད་པའི”རྣམ་གྲངས་མཇུག་འགྲིལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོ་སྲིད་གཞུང(ཚན་རྩལ་པུའུ)དང་པིའར·མེ་ལིན་ཏ་ཀེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་དངུལ་བཏང་ཁར་རང་རྒྱལ་གྱི་ཚན་ཞིབ་སྒྲིག་གཞི་དང་ཚན་རིག་མཁས་ཅན་གྱིས་གཙོ་སྐྱོང་བྱས་པའི་རྒྱལ་སྤྱིའི་ཞིང་ལས་ཚན་རྩལ་དབུལ་སྐྱོར་རྣམ་གྲངས་ཆེ་ཤོས་དེས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་དང་ས་ཁུལ་18དུ་རིམ་རྩིས་བྱས་ན་ལྗང་མདོག་རིམ་འདས་ཆུ་འབྲས་བཏབ་པ་སྤྱི་ཆིང་ཁྲི་612ཟིན་ནས་ཞིང་དུད་ཆུང་བ་ཁྲི་160ལ་ཕན་ཐོགས་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། “ཨ་ཧྥེ་རི་ཁ་་དང་ཨེ་ཤེ་ཡའི་ཐོན་ཁུངས་དབུལ་བའི་ས་ཁུལ་ལ་ལྗང་མདོག་རིམ་འདས་ཆུ་འབྲས་སྐྱེད་སྲིང་བྱེད་པའི”རྣམ་གྲངས་2008ལོར་འགོ་བཙུགས་ཤིང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་གཙོ་ཁྲིད་དང་ཞིང་ལས་ལོ་ཏོག་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཀྲི་ཁང་གིས་སྣེ་ཁྲིད་དེ་རྒྱལ་ཁབ་ཕྱི་ནང་གི་ཆུ་འབྲས་ཞིབ་འཇུག་ཚན་པ58(ཕྱི་རྒྱལ་གྱི་26དང་རྒྱལ་ནང་གི་32)དང་མཉམ་འབྲེལ་གྱིས་སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་ལ་བརྟེན་ནས་ཐོན་མཐོ་དང་། སྤུས་ལེགས། ཐེག་མང་བཅས་ཀྱི་ལྗང་མདོག་རིམ་འདས་ཆུ་འབྲས(Green Super Rice, GSR)འབོར་ཆེན་གྱི་སྣ་ཁ་གསར་པ་གསོ་སྤེལ་བྱས་པ་མ་ཟད། ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡའི་དམིགས་ཚད་རྒྱལ་ཁབ་དང་ས་ཁུལ་18དུ་ཚོད་འདེབས་དང་། ཞིབ་དཔྱད་གཏན་འཁེལ། ཁྱབ་གདལ་བཏང་བ་བཅས་བྱས་ཏེ་དམིགས་ཚད་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཀྱིས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་དམིགས་ཚད་རྒྱལ་ཁབ་18དུ་ཞིབ་དཔྱད་གཏན་འཁེལ་བྱས་པའི་སྣ་ཁ་78ཡོད་པ་དང་། མིག་སྔར་སྣ་ཁ་དེ་དག་དམིགས་ཚད་རྒྱལ་ཁབ་ཁག་ཏུ་བརྟན་པོའི་ངང་ཁྱབ་གདལ་དང་བེད་སྤྱོད་གཏོང་བཞིན་ཡོད། དམིགས་ཚད་རྒྱལ་ཁབ་ཁག་ནང་ཞུགས་མཁན་ཚན་པས་ཚུར་ལན་བྱས་པའི་ཁྱབ་གདལ་རྒྱ་ཁྱོན་དང་ལྗང་མདོག་རིམ་འདས་ཆུ་འབྲས་ཀྱི་ས་བོན་ཐོན་སྐྱེད་གྲངས་འབོར་གཞིར་བཟུང་། ལྗང་མདོག་རིམ་འདས་ཆུ་འབྲས་ཀྱི་སྣ་ཁ་དེ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་དམིགས་ཚད་རྒྱལ་ཁབ་ཀྱི་རིམ་རྩིས་འདེབས་ཁྱོན་སྤྱི་ཆིང་ཁྲི་612ཟིན་ནས་ཞིང་དུད་ཆུང་གྲས་ཁྲི་160ལ་ཕན་ཐོགས་ཡོད། གཞན་ཡང་། རྣམ་གྲངས་ཀྱིས་ཀྲུང་གོའི་ལྷོ་ནུབ་ཞིང་ཆེན་ལྔ(ཉིང་ཞ་དང་། ཀུའེ་ཀྲོའུ། སི་ཁྲོན། ཡུན་ནན། ཀོང་ཤིས)རུ་ལྗང་མདོག་རིམ་འདས་ཆུ་འབྲས་ཀྱི་སྣ་ཁ་62འདེབས་གསོ་བྱས་པར་རིམ་རྩིས་ལྟར་ན་ཁྱབ་གདལ་གཏོང་ཁྱོན་སྤྱི་ཆིང་ཁྲི་421ལས་བརྒལ་ཡོད་པ་རེད།