འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་11ཉིན།

༄༅།།ཡུན་ནན་སེམས་ཀྱི་ཉི་ཟླས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཕྱོགས་ཁག་གི་
ཡུལ་སྐོར་བའི་ཡིད་དབང་འགུག་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་11ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་8ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འདི་ལོ་འབའ་ལྷག་དཀར་རྫོང་རོལ་དབྱངས་འདུ་ཚོགས་དང་། ཟླ་ལྔ་པའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན། སེམས་ཀྱི་ཉི་ཟླའི་ཁ་བ་དཀར་པོའི་པི་ཝང་རྒྱུད་གསུམ་མའི་དུས་ཆེན། ཟླ་བཅུ་པའི་རྒྱལ་སྟོན་བྱེད་སྒོ་བཅས་སྤེལ་ནས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་ཡུལ་སྐོར་བའི་ཡུལ་སྐོར་མྱོང་རོལ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
     བདེ་ཆེན་ཀྲོའུ་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་རུང་གིས“ལྔ་གཅིག”རིང་འབའ་ལྷག་དཀར་རྫོང་གི་རོལ་དབྱངས་འདུ་ཚོགས་འཚོག་རྒྱུ་རེད།
    ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྔ་སྣུར་དུ་ཟླ་ལྔ་པའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་གཉེར་རྒྱུ་དང་། དེ་མི་རིགས་ཀྱི་ལུས་རྩལ་རྩལ་འགྲན་དང་དམངས་ཁྲོད་རིག་རྩལ་གྱི་བྱེད་སྒོ་སྤེལ་རེས་བྱེད་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་འགྱུར་བ་བྱ་རྒྱུ་རེད།
     སེམས་ཀྱི་ཉི་ཟླའི་ཁ་བ་དཀར་པོའི་པི་ཝང་རྒྱུད་གསུམ་མའི་དུས་ཆེན་ཟླ་བཅུ་པར་གཏོང་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མི་རིགས་ཀྱི་དམངས་ཁྲོད་རིག་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བདེ་ཆེན་རྫོང་གིས“སེམས་ཀྱི་ཉི་ཟླའི་བདེ་ཆེན་གྱི་པི་ཝང་རྒྱུད་གསུམ་མའི་དུས་ཆེན”ལོ་ལྟར་གྱི་ལུགས་རྙིང་ལོའི་ཟླ་བཅུ་པའི་ཚེས་གསུམ་ནས་ཚེས་དྲུག་ཉིན་བར་རྫོང་གྲོང་ཧྲེན་ཕིང་གྲོང་རྡལ་དུ་གཏོང་རྒྱུ་རེད།