འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་11ཉིན།

༄༅།།ལེང་ཧྲན་ཀྲོའུ་ཡི་མུ་ལི་དང་མོན་ཉིང་རྫོང་གཉིས་སུ་ཚེས་9ཉིན་མི་1665ནགས་ཚལ་གྱི་མེ་གསོད་པར་
བཏང་བ་དང་། གཡོད་ཞི་རྫོང་གི་རི་སྟེང་གི་མེ་ཚང་མ་བསད་ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་10ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལེང་ཧྲན་ཀྲོའུ་ཡི་མུ་ལི་དང་མོན་ཉིང་རྫོང་གཉིས་སུ་ཚེས་9ཉིན་མི་1665ནགས་ཚལ་གྱི་མེ་གསོད་པར་
བཏང་བ་དང་། གཡོད་ཞི་རྫོང་གི་རི་སྟེང་གི་མེ་ཚང་མ་བསད་ཟིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། གསར་འགོད་པས་སི་ཁྲོན་ལེང་ཧྲན་ཀྲོའུ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ཉིན་དེར། མུ་ལི་དང་མོན་ཉིང་རྫོང་གཉིས་སུ་ཁྱོན་མི་1665ས་ངོས་དང་མཁའ་ཐོག་ནས་མེ་གསོད་པར་བཏང་བ་དང་། གཡོད་ཞི་རྫོང་གི་རི་སྟེང་གི་མེ་ཚང་མ་བསད་ཟིན་ཡོད་པ་རེད།
 ཚེས་9ཉིན་གྱི་ཆུ་ཚོད་17ཙམ་དུ་མུའུ་ལི་དང་མོན་ཉིང་རྫོང་གཉིས་ཀྱི་ནགས་ཚལ་མེ་སྐྱོན་ཁྲོད་ཀྱི་མེ་བསད་མཁན་ཚང་མ་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱས་ནས་ངལ་གསོ་ལེགས་སྒྲིག་བྱས་པ་དང་། མེ་སྐྱོན་གྱི་གནས་ཚུལ་ལ་གཞིགས་ན། ཚེས་10ཉིན་མུ་མཐུད་ས་ངོས་དང་མཁའ་ཐོག་ནས་མེ་བསད་རྒྱུ་ཡིན་པ་རེད།
༄༅།།ལེང་ཧྲན་ཀྲོའུ་ཡི་མུ་ལི་དང་མོན་ཉིང་རྫོང་གཉིས་སུ་ཚེས་9ཉིན་མི་1665ནགས་ཚལ་གྱི་མེ་གསོད་པར་
བཏང་བ་དང་། གཡོད་ཞི་རྫོང་གི་རི་སྟེང་གི་མེ་ཚང་མ་བསད་ཟིན་པ།