འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་10ཉིན།

༄༅།།དྲ་དམངས་ཤིག་གིས་སྐད་འཕྲིན་གྲོགས་ཚོམས་ནང་ནས་ལིའང་ཧྲན་གྱི་མེ་བསད་དཔའ་བོ་ལ་དམའ་
འབེབས་བཏང་པས་ཀོང་ཀྲོའུ་ཉེན་རྟོག་པས་བཀག་ཉར་བྱས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་09ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན། གསར་འགོད་པས་ཀོང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཚེས་7ཉིན་ཀོང་ཀྲོའུ་ཉེན་རྟོགས་པས་ཁྲིམས་ལྟར་སྐད་འཕྲིན་ཚོགས་པའི་ནང་དུ་ལིའང་ཧྲན་གྱི་མེ་བསད་དཔའ་བོ་ལ་དམའ་འབེབས་བཏང་པའི་དྲ་དམངས་ཤིག་ཉེས་དོན་བཀག་ཉར་བྱས་འདུག 
    ཀོང་ཀྲོའུ་ཉེན་རྟོགས་ཀྱིས་ཚེས་8ཉིན་བརྡ་ཁྱབ་བཏང་དོན། ཟླ་4ཚེས་5ཉིན་གྱི་དྭངས་གསལ་དུས་ཚིགས་ལ། མི་རྣམས་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་འདས་པོར་རྗེས་དྲན་དང་། དཔའ་བོ་ལ་དྲན་གསོ་བྱེད་སྐབས། སྐད་འཕྲིན་ཚོགས་པ་ཤིག་གི་ནང་དུ་སི་ཁྲོན་ལིའང་ཧྲན་གྱི་མེ་བསད་དཔའ་བོ་ལ་དམའ་འབེབས་བཏང་བའི་སྐད་འཕྲིན་མང་པོ་བྱུང་ནས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་རེད། 
     ཚེས་7ཉིན། ཀོང་ཀྲོའུ་ཉེན་རྟོགས་པར་དྲ་གྲོགས་ཤིག་གིས་ཞུ་གཏུགས་བྱས་རྗེས། མགྱོགས་མྱུར་ངང་རྟོག་ཞིབ་བྱས་པ་དང་། དམའ་འབེབས་གཏོང་མཁན་དོགས་ཡོད་ཉེས་ཅན་ཧོང་ག་གེ་མོ་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་ཀོང་ཀྲོའུ་ལི་ཝང་ཁུལ་ནས་འཛིན་བཟུང་བྱས་པ་རེད། 
    དོགས་ཡོད་ཉེས་ཅན་ཧོང་ག་གེ་མོ་ཡིས་ཞིབ་བརྗོད་བྱས་པར་གཞིགས་ན། དྲ་དམངས་ཀྱིས་རང་འགུལ་ངང་སྤེལ་བའི་ལིའང་ཧྲན་དཔའ་བོར་མྱ་ངན་ཞུ་བའི་བྱ་སྤྱོད་ལ་དམིགས་ནས། ཁོས་སྐད་འཕྲིན་ཚོགས་པའི་ནང་དུ་དེའི་ཐད་ལ་དམའ་འབེབས་བཏང་བའི་གཏམ་བཤད་སྤེལ་བ་ཡིན་ཟེར། མིག་སྔར། ཀོང་ཀྲོའུ་ཉེན་རྟོགས་པས་ཁྲིམས་ལྟར་དོགས་ཡོད་ཉེས་ཅན་ཧོང་ག་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་ད་དུང་རིམ་གྱིས་བསྒྲུབ་རྒྱུ་རེད།