འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་9ཉིན།

༄༅།།རེས་འཁོར་དགུ་པའི་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་རིམ་མཐོའི་གྲོས་མོལ་བདེ་བླག་ངང་
མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་08ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ནས་ཚེས་5ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་རིའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་འགོ་ཁྲིད་མཁན་ལིའུ་ཧོ་དང་ཨ་རིའི་ཚོང་དོན་འཐུས་ཚབ་ལེ་ཐེ་ཤིས་ཙེ། ནོར་སྲིད་པུའི་པུའུ་ཀྲང་མོ་ནུ་ཆེ་བཅས་ཀྱིས་ཝ་ཧྲིན་ཐོན་དུ་ཐུན་མོང་ཐོག་རེས་འཁོར་དགུ་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་རིམ་མཐོའི་གྲོས་མོལ་གཙོ་སྐྱོང་གནང་བ་རེད། ཕྱོགས་གཉིས་དབར་ལག་རྩལ་བརྒྱུད་བཤུག་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་། སྒོ་ཁྲལ་མིན་པའི་བྱ་ཐབས། ཞབས་ཞུའི་ལས་རིགས། ཞིང་ལས། ཚོང་དོན་སྙོམས་སྒྲིག ལག་བསྟར་ལམ་སྲོལ་སོགས་ཐད་ཀྱི་གྲོས་མོལ་ཡིག་ཆར་གྲོས་བསྡུར་བྱས་པ་དང་། འཕེལ་རིམ་གསར་པ་བྱུང་ཡོད་པ་རེད། ཕྱོགས་གཉིས་ཀས་ལུས་པའི་གནད་དོན་དག་བྱ་ཐབས་ནུས་ལྡན་སྣ་ཚོགས་བརྒྱུད་གོམ་གང་མདུན་སྤོས་ངང་གྲོས་མོལ་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་བཤད་པ་རེད།