འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་8ཉིན།

༄༅།།རབ་བྱུང་གཅིག་གི་པར་རིས། རླབས་པོ་ཆེ་བའི་མཆོང་སྐྱོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་08ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རབ་བྱུང་གཅིག་གི་པར་རིས། རླབས་པོ་ཆེ་བའི་མཆོང་སྐྱོད།
     ལོ་60ཡི་རླབས་ཆེན་མཆོང་སྐྱོད། ལོ་60ཡི་རྣམ་པ་གསར་པ། དེང་གི་བོད་ལྗོངས་སུ་མི་ཐེངས་ཁྲི་370.7ཙམ་སྤྱི་ཚོགས་འགན་བཅོལ་སྣ་ཚོགས་ནང་ཞུགས་པ་དང་། སྒུལ་བདེའི་ཁ་པར་སྤྱོད་མཁན་མི་ཁྲི་312.3ཟིན་པ། བོད་དུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་ལམ་ཐག་བསྡོམས་འབོར་སྤྱི་ལེ་ཁྲི་9.74ཙམ་ཟིན་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་འབོར་ཁྲི་50ལྷག་ཙམ་ཟིན་ཡོད། ད་བར་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བྱས་ཏེ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་800ལྷག་ཙམ་ལག་བསྟར་བྱས་པས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད་ལ་བདེ་སྡོད་ལས་གྲྭས་བོད་ཀྱི་ཞིང་འབྲོག་པ་ཁྲི་230ལྷག་ཙམ་ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱུང་ཡོད། 2018ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11450ཙམ་ཟིན་ཡོད་པ་དང་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1959ལོའི་གོང་གི་ལོ་35.5ནས་མིག་སྔའི་ལོ་68.2བར་མཐོ་རུ་ཕྱིན་ཡོད།
     མཉམ་སྒྲིག་པར་རིས་གཡོན་གྱི་གོང་མ་ནི་1959ལོར་ཡར་ལངས་ཞིང་བྲན་སྒྲོལ་མར་རང་ཉིད་ལ་དབང་བའི་བེའུ་ཐོག་མར་བགོ་བཤའ་ཐོབ་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཁྲང་ཡུང་གིས་པར་བླངས་པ)
     གཡོན་གྱི་འོག་མ་ནི་འབྲི་གཡག་ལ་ཞིབ་འཇུག་བྱེད་མཁན་བུད་མེད་འབུམ་རམས་པ་ཅིས་ཆིའུ་མེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ལས་ཚན་རིག་སུའོ་རུ་མ་དཔེར་ཚོད་ལྟ་བྱེད་བཞིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་2019ལོའི་ཟླ་2ཚེས་28ཉིན་པར་བླངས་པ)
     གཡས་ཀྱི་གོང་མ་ནི་མཚོ་བོད་ལྕགས་ལམ་ཐོག་གི་བོད་རིགས་བུད་མེད་མེ་འཁོར་འགོ་འཛིན་བསོད་ནམས་བདེ་སྐྱིད་ཡིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཇོ་རྒོད་ཀྱིས་2007ལོའི་ཟླ་9ཚེས་28ཉིན་པར་བླངས་པ)
     གཡས་ཀྱི་འོག་མ་ནི་འདམ་གཞུང་རྩྭ་ཐང་ནས་ཡིན་པའི་བོད་རིགས་ཐད་འཕུར་གནམ་གྲུ་གཏོང་མཁན་ཡེ་ཤེས་ཡིན་པ(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་2019ལོའི་ཟླ་3ཚེས་20ཉིན་པར་བླངས་པ)