འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་8ཉིན།

༄༅།།བོད་ཀྱིས་གསར་གཏོད་འཛིན་ཤོག་ཚོད་ལྟར་བརྟེན་ནས་ཚན་རྩལ་ཐོན་ཁུངས་སྒོ་དབྱེ་དང་མཉམ་སྤྱོད་ལ་
སྐུལ་འདེད་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་08ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་འཛིན་ཤོག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་ནས་རིན་མེད་རོགས་དངུལ་གྱི་བྱ་ཐབས་ལ་བརྟེན་ནས་ལྗོངས་ནང་ཁུལ་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གསར་གཏོད་ལས་གཏོད་ཚོགས་པར་གསར་གཏོད་འཛིན་ཤོག་སྤྲོད་རྒྱུ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གིས་ལོ་ལྟར་སྒོར་ཁྲི་10རེ་ཞུ་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད།
     བོད་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གསར་གཏོད་འཛིན་ཤོག་ལག་བསྟར་བྱས་པ་དེས་ཚན་རྩལ་ཐོན་ཁུངས་སྒོ་དབྱེ་མཉམ་སྤྱོད་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་དང་ནོར་སྲིད་ཚན་རྩལ་གྱི་མ་དངུལ་སྤྱོད་པའི་ལས་ཕྱོད་མཐོ་རུ་འགྲོ་རྒྱུ་མ་ཟད། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གསར་གཏོད་ལས་གཏོད་ཚོགས་པ་མགྱོགས་མྱུར་འཚར་ལོངས་ཡོང་རྒྱུར་རོགས་རམ་ཐུབ་རྒྱུ་དང་འབྲེལ་ཐོན་སློབ་ཞིབ་གསུམ་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཆ་རྐྱེན་བཟང་པོ་གཏོད་ཐུབ་རྒྱུ་རེད་ཅེས་བཤད།
     བོད་ཀྱི་གསར་གཏོད་འཛིན་ཤོག་ཚོད་ལྟ་དེ་མཐོ་སློབ་དང་། ཚན་རིག་ཞིབ་འཇུག་ཁང་དང་སུའོ། ཁེ་ལས་སོགས་སུ་སྤྱོད་རྒྱུ་དང་། དེ་ཉིད་ཉོ་སྒྲུབ་ལ་དགོས་མཁོ་མངོན་གསལ་ཡོད་པའི་ཞིབ་འཇུག་གསར་སྤེལ་དང་། ལག་རྩལ་གཞན་སྒྱུར། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བདེན་དཔང་སོགས་ཆེད་ལས་སམ་ཕྱོགས་བསྡུས་ཚན་རྩལ་ཞབས་ཞུར་རོགས་རམ་བྱ་རྒྱུ་རེད།
     གསར་གཏོད་འཛིན་ཤོག་རེ་ཞུ་བྱ་ཡུལ་ནི་བོད་དུ་ཁྲིམས་བཞིན་ཐོ་བཀོད་དང་རང་ཚུགས་ཁྲིམས་མིའི་ཐོབ་ཐང་ལྡན་པའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་གསར་གཏོད་ལས་གཏོད་ཚོགས་པ་ཡིན། བོད་རང་སྐྱོང་ལྗོངས་ཚན་རྩལ་ལས་གཏོད་ཞབས་ཞུའི་ལྟེ་གནས་ཀྱིས་གསར་གཏོད་འཛིན་ཤོག་སྤྲོད་པ་དང་ཁ་ཐོག་ལག་བཞག་གི་དོ་དམ་གྱི་འགན་འཁུར་རྒྱུ་དང་འབྲེལ་གསར་གཏོད་འཛིན་ཤོག་དང་ལེན་སྒྲིག་གཞིར་ཞིབ་དཔྱད་དང་གདེང་འཇོག་བྱ་རྒྱུ་རེད། གསར་གཏོད་འཛིན་ཤོག་དང་ལེན་སྒྲིག་གཞི་ལྗོངས་ནང་ཁུལ་གྱི་ཆེད་ལས་ཚན་རྩལ་ཞབས་ཞུ་དང་ཕྱོགས་བསྡུས་ཚན་རྩལ་ཞབས་ཞུའི་སྒྲིག་གཞིའི་ཁྲོད་ནས་གདམ་གསེས་བྱ་རྒྱུ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཚན་རྩལ་ལས་གཏོད་ཞབས་ཞུའི་ལྟེ་གནས་ཀྱིས་དཔྱད་འདེབས་འོས་སྦྱོར་སྒྲིག་འཛུགས་བྱ་རྒྱུ་དང་བོད་ལྗོངས་ཚན་རྩལ་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་གཏན་འཁེལ་བྱ་རྒྱུ་རེད།