འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་8ཉིན།

༄༅།།སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཡི་གྲོང་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་08ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ་སྤུན་ཆེན་གྲོང་ཚོའི་སྨི་ངོས་གྲུ་50ཡས་མས་ཀྱི་དྲོད་ཁང་ཆེ་མོར། གཞོང་པའི་ནང་སྒོག་པ་འདྲ་བའི་སོན་རྐང་ཆིག་ཁྲི་ཙམ་གྲལ་སྟར་སྒྲིག་པོས་བཏབ་ཡོད་ཅིང་། རིང་ཚད་ལ་ལི་སྨི་བདུན་བརྒྱད་ཙམ་ཟིན་པའི་མྱུ་གུ་འབུས་ཡོད།
    “དེ་དག་ལ་སྣང་ཆུང་གཏན་ནས་བྱེད་རྒྱུ་མེད། དེ་ནི་ང་ཚོས་བཏབ་པའི་ཁ་ཆེ་ཤ་སྐམ་རེད”ཁ་ཆེ་ཤ་སྐམ་གྱི་སོན་དེ་དག་ཟླ་11པའི་ཟླ་འགོར་མེ་ཏོག་བཞད་ཀྱི་ཡོད། མེ་ཏོག་གི་ཟེ་འབྲུ་བཏུས་རྗེས་སླར་ཡང་འདེབས་ཀྱི་ཡོད་ཅེས་ལོ་31ལ་སླེབས་པའི་ཕ་ཡུལ་ལ་ལོག་ནས་ལས་གཏོད་མཁན་ཚེ་རིང་འབུམ་གྱིས་བཤད།
     ཁ་ཆེ་ཤ་སྐམ་འདེབས་འཛུགས་བྱས་པ་བརྒྱུད། ཚེ་རིང་འབུམ་ལས་ཀ་བྱེད་སའི་ཀུང་སིར་ལོར་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཡོང་གི་ཡོད།
    མི་ཐབས་ལ་བརྟེན་ནས་ཁ་ཆེ་ཤ་སྐམ་པ་འདེབས་པའི་བསམ་བློ་ཇི་ལྟར་འཁོར་བྱུང་ངམ་ཞེས་དྲི་སྐབས། ཚེ་རིང་འབུམ་གྱིས་ངའི་ཨ་མ་དུས་རྒྱུན་ཁ་ཆེ་ཤ་སྐམ་གྱི་ཇ་འཐུང་གི་ཡོད་པས་གཉེན་ཉེ་བོད་དུ་འགྲོ་རིམ་བཞིན་མངགས་དགོས་ཀྱི་འདུག ཁ་ཆེ་ཤ་སྐམ་འདེབས་པའི་བསམ་བློའང་དེ་ནས་འཁོར་བྱུང་། 2008ལོ་ནས་བཟུང་སྤུན་ཆེན་གྲོང་ཚོར་ཁ་ཆེ་ཤ་སྐམ་འདེབས་འགོ་བཙུགས་པ་ཡིན་ཞེས་བཤད།
     ཚེ་རིང་འབུམ་གྱིས་ཁ་ཆེ་ཤ་སྐམ་ཐོག་མར་འདེབས་སྐབས། དབྱི་རན་ནས་སྤྱི་རྒྱ་རེར་རིན་གོང་སྒོར་150བྱས་ཏེ་ཁ་ཆེ་ཤ་སྐམ་གྱི་སོན་སྤྱི་རྒྱ་400ཉོས་ནས་བཏབ་ཅིང་། ཁ་ཆེ་ཤ་སྐམ་འདེབས་སའི་ས་རྒྱུ་དང་། ཉི་འོད། མྱུ་གུར་གཡོག་བྱེད་ཡག་པོ་མ་བྱུང་བས་ཁ་ཆེ་ཤ་སྐམ་ཉུང་ཤས་ལ་མ་གཏོཌ་མེ་ཏོག་བཞད་མེད་པས་མ་རྩ་ཧ་ལམ་སྟོངས་ཡོད།
     འཚོལ་ཞིབ་ཐེངས་མང་བྱས་པ་བརྒྱུད། 2016ལོར་ཚེ་རིང་འབུམ་དང་རིགས་གཅིག་མཁས་ཅན་གྱིས“མེ་ཏོག་ཁང་པའི་ནང་དུ་བཞད་པ་དང་འདེབས་འཛུགས་ཕྱི་རོལ་དུ་བྱེད་པའི”ཁ་ཆེ་ཤ་སྐམ་འདེབས་འཛུགས་བྱེད་སྟངས་གསར་གཏོད་བྱས་ཡོད།
    ན་ནིང་ཚེ་རིང་འབུམ་གྱིས་འབར་ཁམས་ཁམས་ཀྲེན་ཡོན་ཁེ་ལས་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་བཀོད་བྱས་ནས་བཙུགས་པ་དང་འབྲེལ། ཁ་ཆེ་ཤ་སྐམ་འདེབས་འཛུགས་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་ལྡན་པའི་ཀུང་སི་རེ་ཞུ་ལེགས་གྲུབ་བྱུང་ཡོད།
     ས་ཆ་དེ་གར་འཚམ་པའི་ཁ་ཆེ་ཤ་སྐམ་འདེབས་སྟངས་ཁོང་དུ་ཆུད་རྗེས་ཚེ་རིང་འབུམ་གྱིས་མུའུ་རེར་ལོ་རེར་སྒོར་3000བྱས་ནས་ས་ཞིང་བོགས་མར་བླངས་ཏེ་ཐོག་མའི་མུའུ་15ནས་མུའུ་30ལྷག་ཙམ་བར་རྒྱ་སྐྱེད་བཏང་ཡོད།
     ཁ་ཆེ་ཤ་སྐམ་འདེབས་པའི་དུས་ཚིགས་ལ་སླེབས་སྐབས་ཚེ་རིང་འབུམ་གྱིས་ཉེ་འགྲམ་གྱི་གྲོང་མི་དང་དུད་ཚང་དབུལ་པོ་འདེབས་འཛུགས་དང་གཡོག་བྱེད་བྱེད་མཁན་ལ་གླ་གི་ཡོད་པ་དང་། མི་རེར་ཉིན་རེར་གླ་ཆ་སྒོར་130སྤྲོད་ཀྱི་ཡོད་པས་ཉེ་འགྲམ་གྱི་གྲོང་མི་30ལྷག་ཙམ་སྒོ་འགྲམ་དུ་ལས་ཞུགས་ཐུབ་སྟེ་ལོར་གླ་ཆ་ཡོང་འབབ་སྒོར་ཁྲི་20ཙམ་རག་ཡོད།
     སྨན་བཟོ་གྲྭ་དང་སྨན་རྩིས་ཁང་གིས་འཚང་ཁ་ཤིག་ཤིག་ངང་ཁོང་གིས་བཏབ་པའི་ཁ་ཆེ་ཤ་སྐམ་ཉོ་བར་ཡོང་གི་ཡོད་ཅིང་། ཐ་ན་ཁེ་ལས་ཁག་གཅིག་གིས་རིན་གོང་མཐོ་པོ་སྤྲད་ནས་འབར་ཁམས་ཀྱི་ཁ་ཆེ་ཤ་སྐམ་གྱི་ས་བོན་ཉོ་གི་ཡོད། ཚེ་རིང་འབུམ་གྱིས་ད་ཆ་ཁ་ཆེ་ཤ་སྐམ་བཏབ་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཡོང་གི་འདུག་ཅེས་བཤད།
     གླ་པ་བྱས་པ་བརྒྱུད། གྲོང་མི་མགོན་པོ་ཐར་གྱིས་ཁ་ཆེ་ཤ་སྐམ་འདེབས་སྟངས་ཤེས་ཡོད། 2016ལོར་ཁོ་པས་ས་ཞིང་མུའུ་གཅིག་ལ་ཚེ་རིང་འབུམ་གྱི་ས་ནས་ཉོས་པའི་ཁ་ཆེ་ཤ་སྐམ་གྱི་ས་བོན་འདེབས་འགོ་ཚུགས། “ན་ནིང་ཐོན་འབབ་མི་དམན་ཙམ་འདུག་པས་སྒོར་ཁྲི་གཉིས་ལྷག་ཙམ་བྱུང”སང་ལོ་མུའུ་3བར་རྒྱ་སྐྱེད་གཏོང་རྩིས་ཡོད་ཅེས་མགོན་པོ་ཐར་གྱིས་བརྗོད།