འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་8ཉིན།

༄༅།།སྤྱི་བདེ་པུས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོ་ཉིན་གཉིས་པར་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བརྟན་
ལ་གོ་རིམ་ལྡན་པ་ཞིག་ཡོད་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་08ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་4ཚེས་6ཉིན་ནི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོ་ཉིན་གཉིས་པ་ཡིན་པ་དང་རྒྱལ་ཡོངས་ཀྱི་གནམ་གཤིས་དྭངས་ཤིང་། བྱང་རྒྱུད་ས་ཁུལ་གྱི་བྱེ་རྡུལ་གནམ་གཤིས་ཉུང་དུ་ཕྱིན་པ་དང་འབྲེལ་ས་གནས་ཁག་གི་གཞུང་ལམ་གཙོ་བོ་དང་ལྷག་པར་དུ་བང་སོའི་ཁུལ་གྱི་མཐའ་འཁོར་གཞུང་ལམ་འགྲིམ་འགྲུལ་ཐོག་རླངས་འཁོར་སྐྱོད་མཁན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཁར་ཉེན་རྟོག་པ་མང་དུ་བཏང་ནས་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་ནན་དུ་བཏང་སྟེ་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཉིན་ཧྲིལ་པོར་ཉེན་རྟོག་པ་མི་ཐེངས་ཁྲི་17.5དང་ཉེན་རྟོག་རླངས་འཁོར་ཐེངས་ཁྲི་5.8བཏང་བ་དང་འབྲེལ་འགྲིམ་འགྲུལ་ཉེན་རྟོག་ཁྲིམས་འཛིན་ས་ཚིགས་དང་ཞབས་ཞུའི་ས་ཚིགས་ཁྲི་1.5ལྷག་ཙམ་བཙུགས་ཡོད། ཆུ་ཚོད་17བར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་དུ་རླངས་འཁོར་འགག་པའི་གནས་ཚུལ་ཐོན་མེད་ལ་མི་སྣ་ལྔ་ཡན་ཤི་རྨས་ཀྱི་ལས་འཛོལ་ཡང་ཐོན་མེད་པར་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོང་རྒྱུ་འགན་ལེན་ཐུབ་ཡོད་པ་རེད། 
     སྔོན་བརྡ་བཏང་བར་གཞིགས་ན། ཟླ་4ཚེས་7ཉིན་རང་རྒྱལ་གྱི་ནུབ་བྱང་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་སོགས་ས་གནས་ཁག་གཅིག་ལ་དྲོད་ཚད་ཆག་པ་དང་ཆར་པ་བབས་པར་བརྟེན་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་བཟོས་ཡོད། སྤྱི་བདེ་པུས་རྒྱ་ཆེའི་ཁ་ལོ་བར་ངལ་གསོའི་ཉིན་མཐའ་མར་ཕྱིར་ལོག་བྱེད་པའི་དུས་ཚོད་དང་ལམ་ཐིག་སྔ་སྣུར་དུ་བཀོད་སྒྲིག་བྱེད་དགོས་པ་དང་གནམ་གཤིས་ཀྱི་གནས་ཚུལ་ཤེས་རྟོགས་དང་ལམ་དུམ་དུ་རླངས་འཁོར་མང་བའི་དུས་ལས་གཡོལ་དགོས་པ་མ་ཟད། མྱུར་ཚད་ལས་བརྒལ་བ་དང་མི་མང་པོ་བླུག་པ། ངལ་དུབ་ངང་རླངས་འཁོར་གཏོང་བ་སོགས་མི་བྱེད་པ་དང་། གནམ་གཤིས་ཞན་པའི་སྐབས་སུ་རྒྱང་གློག་སྤོར་བ་དང་། རླངས་འཁོར་དབར་བར་ཐག་འོས་འཚམ་འཇོག་པ། མྱུར་ཚད་འགོར་དུ་གཏོང་བ་བཅས་བྱ་རྒྱུའི་དྲན་སྐུལ་བྱས་པ་རེད།