འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་4ཉིན།

༄༅།།མ་ལེ་ཞི་ཡའི་ཁྲིམས་ཁང་གིས་ཙུང་ལི་ཟུར་པ་ནཱ་ཅི་པུའུ་ཡིས་ལྐོག་རྔན་བླངས་པའི་དོགས་
ཡོད་གྱོད་གཞི་ཞིབ་གཅོད་བྱེད་འགོ་བརྩམས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་04ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མ་ལེ་ཞི་ཡའི་ཁྲིམས་ཁང་གིས་ཙུང་ལི་ཟུར་པ་ནཱ་ཅི་པུའུ་ཡིས་ལྐོག་རྔན་བླངས་པའི་དོགས་
ཡོད་གྱོད་གཞི་ཞིབ་གཅོད་བྱེད་འགོ་བརྩམས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། མ་ལེ་ཞི་ཡིའི་ཁྭ་ལ་ལུམ་ཕུར་ཆེས་མཐོའི་ཁྲིམས་ཁང་གིས་ཙུང་ལི་ཟུར་པ་ནཱ་ཅི་པུའུ་ལ་ཁ་དན་རྒྱབ་སྐྱུར་དང་དབང་ཆ་གང་བྱུང་དུ་སྤྱད་པ། ནག་དངུལ་དག་འབུད་བྱས་པ་བཅས་ཞུ་གཏུག་བྱེད་པའི་གྱོད་དོན་ཞིབ་གཅོད་བྱས་པ་རེད། ཉིན་དེར། ཁྲིམས་ཁང་གིས་ནཱ་ཅི་པུའུ་ལ་ཁ་དན་རྒྱབ་སྐྱུར་དང་དབང་ཆ་གང་བྱུང་དུ་སྤྱད་པ། ནག་དངུལ་དག་འབུད་བྱས་པ་བཅས་དང་འབྲེལ་བའི་ཞུ་གཏུག་བྱེད་པའི་གྱོད་དོན་7ཞིབ་གཅོད་བྱས་པ་རེད། ནཱ་ཅི་པུའུ་ལ་རྒྱལ་ཁབ་ཀྱི་དངུལ་འཇོག་ཐེབས་རྩ“མ་ལེ་ཞི་ཡའི་འཕེལ་རྒྱས་ཀུང་སི་ཞིག”གི་ཡན་ལག་ཀུང་སིSRCརྒྱལ་སྤྱིའི་ཉོ་ཚོང་ཁྲོད་ནས་ལིང་ཅི་ཐེ་སྒོར་ཁྲི་4200(ཨ་སྒོར་ཁྲི་1030ཙམ)ཡི་ཁེ་ཕན་དང་འབྲེལ་བ་ཡོད་པར་སྐྱོན་འདོན་ཞུ་གཏུག་བྱས་པ་རེད། ནཱ་ཅི་པུའུ་ལ་ན་ནིང་ཟླ་7པར་ཐོག་མར་ཞུ་གཏུག་བྱས་པ་དང་། ད་ལྟར་ཞུ་གཏུག་བྱས་པའི་རྣམ་གྲངས་40ལས་བརྒལ་ན་ཡང་། ཁོས་གཅིག་ཀྱང་ངོས་ལེན་བྱས་མི་འདུག 
【1】  【2】
༄༅།།མ་ལེ་ཞི་ཡའི་ཁྲིམས་ཁང་གིས་ཙུང་ལི་ཟུར་པ་ནཱ་ཅི་པུའུ་ཡིས་ལྐོག་རྔན་བླངས་པའི་དོགས་
ཡོད་གྱོད་གཞི་ཞིབ་གཅོད་བྱེད་འགོ་བརྩམས་པ།