འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་4ཉིན།

༄༅།།ལྷ་ལྡན་གཙུག་ལག་ཁང་གི་སྐྲུན་དངོས་ལ་ཚད་འཇལ་རིས་འགོད་དང་དབྱེ་ཞིབ་ཞིབ་འཇུག་
ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་04ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་ལྡན་གཙུག་ལག་ཁང་གི་སྐྲུན་དངོས་ལ་ཚད་འཇལ་རིས་འགོད་དང་དབྱེ་ཞིབ་ཞིབ་འཇུག་
ལས་དོན་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་2018ལོའི་ལོ་འཁོར་གྱི་ལས་སྒོའི་ལས་དོན་གྱི་སྤྱི་དམངས་མཉམ་སྤྱོད་སྙན་ཞུའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཁང་དེས་འགན་འཁུར་བའི་ལྷ་ལྡན་གཙུག་ལག་ཁང་གི་ཚད་འཇལ་རིས་འགོད་དང་དབྱི་ཞིབ་ཞིབ་འཇུག་ལས་དོན་དེ་ན་ནིང་གི་ཟླ་11ནས་སྤེལ་འགོ་ཚུགས་པ་དང་། མིག་སྔར། འདུ་ཁང་གི་སྒོ་ཁག་གཅིག་དང་། ཁྱམས་རའི་ཀ་བ་སོགས་ཤིང་ཆའི་གྲུབ་ཚུལ་ལ་ཞིབ་ཕྲའི་ས་བཀྲ་བཟོ་བ་དང་སྐྲུན་དངོས་གཙོ་བོའི་དུམ་གཤགས་རི་མོའི་ཚད་འཇལ་རིས་འགོད་སོགས་ཀྱི་ལས་དོན་ལེགས་སྒྲུབ་ཟིན་པ་རེད།
     ལྷ་ལྡན་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བདུན་པར་བཞེངས་པ་དང་། དེའི་རྗེས་ཀྱི་རྒྱལ་རབས་རིམ་བྱུང་ནང་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་ལས་ད་ལྟའི་གཞི་ཁྱོན་འདི་གྲུབ་ཡོད་པ་རེད། 2000ལོར། ལྷ་ལྡན་གཙུག་ལག་ཁང་དེ་ཕོ་བྲང་པོ་ཏ་ལའི་རྒྱ་བསྐྱེད་རྣམ་གྲངས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་《འཛམ་གླིང་གི་ཤུལ་བཞག་མིང་གཞུང་》ནང་བཀོད་ཡོད་པ་རེད།
     “འདི་ནི་ད་བར་ལྷ་ལྡན་གཙུག་ལག་ཁང་གི་སྐྲུན་དངོས་ལ་དམིགས་ནས་སྤེལ་བའི་ཁྱོན་ཡོངས་དང་།  རྒྱུད་རིམ།  གཏིང་ཟབ་བཅས་ལྡན་ཤོས་ཀྱི་ཚད་འཇལ་རིས་འགོད་དང་དབྱི་ཞིབ་ཞིབ་འཇུག་གི་ལས་དོན་ཞིག་ཡིན་ལ།  རྣམ་གྲངས་འདི་2025ལོར་ལེགས་སྒྲུབ་ཡོང་བ་བྱ་རྒྱུ་རེད་”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་དཔལ་ལྡན་གྱིས་བཤད།    
     རྣམ་གྲངས་ཀྱི་ཁོངས་མི་བཀྲ་ཤིས་ཆོས་སྒྲོན་གྱིས་གསར་འགོད་པར།  འདས་ཟིན་པའི་ཟླ་བ་བཞིའི་རིང་།  རྣམ་གྲངས་ཚོགས་ཆུང་གིས་ཀྲུང་གོ་རྒྱལ་ཁབ་དཔེ་མཛོད་ཁང་དང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་བཅས་སུ་བཅར་འདྲིར་ཕྱིན་ནས།     ལྷ་ལྡན་གཙུག་ལག་ཁང་གི་འབྲེལ་ཡོད་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་ཡིག་ཚགས་འབོར་ཆེན་ཀློག་བཤེར་བྱས་པ་མ་ཟད་དགོན་པའི་དགེ་འདུན་པར་བཅར་འདྲི་ཞུས་ནས་འབྲེལ་ཡོད་དབྱེ་ཞིབ་ཞིབ་འཇུག་བྱ་རྒྱུར་ལོ་རྒྱུས་དཔྱད་ཡིག་གི་རྨང་གཞི་ངེས་གཏན་གཏིང་ཡོད་ཅེས་བཤད་པ་རེད།