འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་3ཉིན།

༄༅།།ཟླ་4ཚེས་1ཉིན་ནས་བཟུང་ལྕགས་ལམ་ཟོག་འདྲེན་གྱི་བདལ་གླ་དང་འགྲོ་གྲོན་ཙག་ཙིག་
གཅོག་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་03ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     རྒྱལ་ཁབ་ལྕགས་ལམ་གྱིས་སྐྱེལ་འདྲེན་བྱེད་པའི་མེ་འཁོར་གྱི་ལྷུ་ལག་ཆ་ཚང་དང་། དོས་པོ་སིལ་ཚོང་། དོས་སྒམ་སོགས་ཟོག་འདྲེན་གྱི་བདལ་གླ་བལྟོས་བཅས་ཀྱིས་གཅོག་རྒྱུ་དང་། དོས་འབེབས་ལས་སྒྲུབ་ཞབས་ཞུའི་འགྲོ་གྲོན་སོགས་འགྲོ་གྲོན་ཙག་ཙིག་ཁག་6གཅོག་རྒྱུ།
     དོས་སྐྱེལ་མེ་འཁོར་དུས་འགྱངས་ཀྱི་འགྲོ་གྲོན་སོགས་གྲོན་བསྡུའི་ཚད་གཞི་ཁག་4གཅོག་རྒྱུ།
      འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་4ཚེས་1ཉིན་ནས་བཟུང་ལྕགས་ལམ་སྡེ་ཚན་གྱིས་ལྕགས་ལམ་ཟོག་འདྲེན་གྱི་བདལ་གླ་གཅོག་རྒྱུ་དང་ཟོག་འདྲེན་གྱི་འགྲོ་གྲོན་ཁག་གཅིག་མེད་པ་བཟོ་རྒྱུ་དང་དམའ་རུ་གཏོང་རྒྱུ་རེད། སྔོན་དཔག་བྱས་ན་ལོ་ལྟར་རྒྱ་ཆེའི་ཟོག་བདག་དང་ཁེ་ལས་ལ་སྒོར་དུང་ཕྱུར་60ཙམ་གྱི་ཁེ་ཕན་བཏོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
     ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་བརྡ་ཐོ་ལྟར་ཟླ་4ཚེས་1ཉིན་ནས་བཟུང་ལྕགས་ལམ་སྐྱེལ་འདྲེན་གྱི་ཞབས་ཞུའི་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་གཅོག་རྒྱུ་ཡིན་པ་དང་། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་གཏན་འབེབས་བྱས་པར་གཞིགས་ན། རྒྱལ་ཁབ་ལྕགས་ལམ་གྱིས་སྐྱེལ་འདྲེན་བྱེད་པའི་མེ་འཁོར་གྱི་ལྷུ་ལག་ཆ་ཚང་དང་། དོས་པོ་སིལ་ཚོང་། དོས་སྒམ་སོགས་ཟོག་འདྲེན་གྱི་བདལ་གླ་བལྟོས་བཅས་ཀྱིས་གཅོག་རྒྱུ་དང་། དོས་འབེབས་ལས་སྒྲུབ་ཞབས་ཞུའི་འགྲོ་གྲོན་སོགས་འགྲོ་གྲོན་ཙག་ཙིག་ཁག་6གཅོག་རྒྱུ། དོས་སྐྱེལ་མེ་འཁོར་དུས་འགྱངས་ཀྱི་འགྲོ་གྲོན་སོགས་གྲོན་བསྡུའི་ཚད་གཞི་ཁག་4གཅོག་རྒྱུ་ཡིན་པའི་ཁར་ཁྲལ་རིན་གཉིས་གཅོག་གི་ཁེ་ཕན་གཤམ་འོག་ཁེ་ལས་ལ་རང་འགུལ་ངང་བརྒྱུད་སྤྲོད་བྱས་ཏེ་ལོ་ལྟར་ཟོག་བདག་དང་ཁེ་ལས་ལ་སྒོར་དུང་ཕྱུར་60ཙམ་གྱི་ཁེ་ཕན་གཏོད་རྒྱུ་རེད།
     འགན་འཁུར་བ་དེས་ད་རེས་ལྕགས་ལམ་ཟོག་འདྲེན་གྱི་བདལ་གླ་དང་འགྲོ་གྲོན་ཙག་ཙིག་གཅོག་རྒྱུ་ཡིན་པ་དེ་ནི་2017ལོ་ནས་བཟུང་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་འགྲོ་གྲོན་ཙག་ཙིག་གཅོག་པའི་བྱེད་ཐབས་རབ་དང་རིམ་པ་བསྟུད་མར་སྤྱད་པ་ཞིག་ཡིན་པ་དང་། རིམ་རྩིས་བྱས་ན་འགྲོ་གྲོན་ཙག་ཙིག་སྒོར་དུང་ཕྱུར་200ལྷག་ཙམ་བཅག་པའི་རྨང་གཞིའི་ཐོག་འགྲོ་གྲོན་བཅག་ནས་ཁེ་ཕན་གཏོད་པའི་བྱ་སྤྱོད་སླར་ཡང་ལག་བསྟར་བྱས་པ་ཞིག་རེད། ཟླ་7ཚེས་1ཉིན་ནས་བཟུང་། ལྕགས་ལམ་སྤྱི་ཁྱབ་ཀུང་སིས་ཆེད་སྤྱོད་ལྕགས་ལམ་གྱི་ཚབ་འདྲེན་ཚབ་གཉེར་གྱི་སྲུང་སྐྱོང་ཞབས་ཞུའི་གྲོན་བསྡུ་དང་མེ་འཁོར་ཞིབ་བཤེར་བཟོ་བཅོས་ཀྱི་ཞབས་ཞུའི་གྲོན་བསྡུ་གཅོག་རྒྱུ་སོགས་ཀྱི་བྱེད་ཐབས་སྤྱོད་རྒྱུ་རེད། ལྕགས་ལམ་སྡེ་ཚན་གྱིས་སྐྱེལ་འདྲེན་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཕན་བྱེད་ཐབས་སྣ་ཚོགས་ནན་ཏན་ངང་དོན་འཁྱོལ་བྱེད་པ་དང་། ཟོག་འདྲེན་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཟོག་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྔར་བས་ལེགས་པ་ཡོང་ཆེད་བློས་འགེལ་ཆོག་པའི་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།