འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་1ཉིན།

༄༅།།བལ་ཡུལ་ལྷོ་རྒྱུད་དུ་དྲག་རླུང་འཚུབ་ནས་མི་25རྐྱེན་ལམ་དུ་ཤོར། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་01ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བལ་ཡུལ་ལྷོ་རྒྱུད་དུ་དྲག་རླུང་འཚུབ་ནས་མི་25རྐྱེན་ལམ་དུ་ཤོར།
     མི་དམངས་བའི་འཕྲིན། ཟླ་3ཚེས་31ཉིན། བལ་ཡུལ་ལྷོ་རྒྱུད་དུ་དྲག་རླུང་འཚུབ་ཤིང་ཐོག་བརྒྱབ་པ་དང་། མིག་སྔར་ཉུང་མཐར་ཡང་མི་25རྐྱེན་ལམ་དུ་ཤོར་བ་དང་མི་400ལ་རྨས་སྐྱོན་ཕོག
     ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དྲག་རླུང་དང་གློག་འོད་འཁྱུག་པའི་གནམ་གཤིས་ནི་ས་གནས་དེ་གའི་དགོང་མོའི་ཆུ་ཚོད་7པ་ཙམ་ནས་འགོ་བརྩམས་པ་དང་། ཆུ་ཚོད་གཅིག་གི་རིང་ལ་རྒྱུན་བསྲིང་བ་རེད། མི་ཤི་རྨས་བྱུང་བ་མ་ཟད།  ཁང་པ་དང་རླངས་འཁོར་མང་པོ་ལའང་གཏོར་སྐྱོན་བཟོས་ཡོད། 
    བལ་ཡུལ་གྱི་ཙུང་ལི་ཨའོ་ལི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དུ་བཤད་དོན། ཚེས་31ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་རྒྱུད་དུ་བྱུང་བའི་གནོད་འཚེ་ལས་ཉུང་མཐར་ཡང་མི་25རྐྱེན་ལམ་དུ་ཤོར་བ་དང་མི་400ལ་རྨས་སྐྱོན་ཕོག་ཡོད། 
     བལ་ཡུལ་གྱི་ནང་སྲིད་པུའུ་ཡི་དྲུང་ཡིག་ལ་དབྱི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔའི་བར་རྐྱེན་ལམ་དུ་ཤོར་མཁན་པའོ་ལ་རྫོང་དུ་མི་23ཡོད་ཅིང་། པོར་ས་རྫོང་དུ་མི་གཉིས་ཡོད། རོགས་སྐྱོབ་ལས་ཀ་ད་ལྟར་ཛ་དྲག་ཆེ་བའི་ངང་སྒྲུབ་བཞིན་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་ཤས་ཆེ་ཟེར།