འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་1ཉིན།

༄༅།།ཧྲང་ཧའེ་ནས་5Gལག་འཁྱེར་ཁ་པར་དང་པོ་ཤར་གཏོང་བྱས་ཤིང་། ད་ལོར་5Gས་ཚིགས་
ཁྲི་ལས་བརྒལ་བ་འཛུགས་རྩིས་ཡོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་01ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན། སྲིད་འཛུན་ས་ཁོངས་ཀྱི་5G དྲ་རྒྱ་ཨང་དང་པོ་དེ་ཧྲང་ཧའེ་རུ་འགྲུབ་ནས་ཚོད་ལྟ་བྱེད་འགོ་བརྩམས་པ་རེད། ཚེས་30ཉིན་གྱི་སྔ་དྲོར། “ཐེར་འབུམ་གཉིས་ཅན་གྱི་ཁུལ་དང་པོ”ཤར་གཏོང་མཛད་སྒོ་ཧྲང་ཧའེ་གྲོང་ཁྱེར་ཧོང་ཁུའོ་ཁུལ་དུ་སྤེལ་བ་དང་། 5Gཁ་པར་དང་པོ་ཤར་གཏོང་བྱས་པས། ཧྲང་ཧའེ་ནི་རྒྱལ་ཡོངས་སུ་ཐེངས་དང་པོར་ཀྲུང་གོའི་སྤོ་སྒུལ་5Gཚོད་ལྟ་བྱ་ཡུལ་གྱི་གྲོང་ཁྱེར་དུ་གྱུར་བ་མཚོན། 
     མིག་སྔར། ཧོང་ཁུའོ་ཁུལ་དུ་5Gས་ཚིགས་228འཛུགས་སྐྲུན་བྱས་ནས། ཐེར་འབུམ་ཅན་གྱི་གཏན་འཇོག་ཤོང་ཆེའི་དྲ་རྒྱ་དང་5Gདྲ་རྒྱ་ཁུལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་དང་། གཏན་འཇོག་ཤོང་ཆེའི་དྲ་རྒྱ་དང་སྤོ་སྒུལ་བརྡ་འཕྲིན་དྲ་རྒྱ་གཉིས་ཀ་ཐོག་མར་ཐེར་འབུམ་ཅན་དུ་ཁྱོན་ཡོངས་ནས་ཁེབས་པའི་ས་ཁུལ་དུ་གྱུར་བ་རེད། ད་ལོར། ཧྲང་ཧའེ་རུ་ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་ལྟེ་བའི་ནུས་ཤུགས་རབས་གསར་པ་འཛུགས་སྐྲུན་བྱ་རྒྱུ་སྟེ། 5Gདྲ་རྒྱའི་འདེགས་སྐྱོར་དང་བེད་སྤྱོད་ནུས་ཤུགས་གང་ལེགས་སུ་བཏོན་ནས། 5Gདྲ་རྒྱ་འཛུགས་སྐྲུན་སྔོན་ཐོན་ཁུལ་དང་། གསར་གཏོད་བཀོལ་སྤྱོད་དཔེ་སྟོན་ཁུལ། ཐོན་ལས་མཉམ་འདུས་ཁུལ་བཅས་སུ་འགྱུར་བར་བྱ་དགོས། ལོ་འདིའི་ནང་5Gས་ཚིགས་ཁྲི་གཅིག་ལས་བརྒལ་བ་འཛུགས་སྐྲུན་བྱས་ནས། 5Gབཀོལ་སྤྱོད་དཔེ་སྟོན་ཁུལ་དང་བཀོལ་སྤྱོད་ཞིབ་སྤེལ་གསར་གཏོད་རྟེན་གཞི་ཁ་ཤས་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་དང་། 5Gབཀོལ་སྤྱོད་དཔེ་སྟོན་འགྲེམས་སྟོན་ཚོམས་ཆེན་འཛུགས་སྐྲུན་བྱ་རྒྱུ་རེད།