མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅།།ཞི་ཅིན་ཕིང་གིས་མོ་ན་ཁོའི་ཆིན་ཝང་ཨར་པེ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་27ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་མོ་ན་ཁོའི་ཆིན་ཝང་ཨར་པེ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་མོ་ན་ཁོ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་24ཉིན་མོ་ན་ཁོའི་ཆིན་ཝང་ཨར་པེ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་སྐུ་ཞབས་ཆིན་ཝང་གིས་རང་ཉིད་མོ་ན་ཁོ་གུང་རིམ་པའི་རྒྱལ་ཕྲན་ལ་རྒྱལ་དོན་འཚམས་འདྲིར་གདན་ཞུ་གནང་བར་ཧ་ཅང་དགའ་པོ་བྱུང་། འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་མོ་ན་ཁོར་འཚམས་འདྲི་བྱེད་ཐེངས་ཐོག་མ་དེ་རེད། ངེད་རྒྱལ་ཁབ་གཉིས་པོའི་མི་རིགས་ཀྱི་གཤིས་རྒྱུད་དང་ཐུན་མོང་གི་བསམ་པའི་དོན་གཉེར་འདྲ་མཚུངས་ཡོད་སྟབས་ང་ཚོ་ཕན་ཚུན་རྒྱུས་མངའ་ལོན་པ་དང་བརྩེ་སེམས་ཟབ་མོ་ཡོད། ཀྲུང་མོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་20ལྷག་ཙམ་སོང་ཚུན་ཕྱོགས་གཉིས་དབར་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་གྱི་ཡོད། མིག་སྔར། ཀྲུང་མོ་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་དངོས་སྒྲུབ་མཉམ་ལས་དང་དུས་བསྟུན་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་ཁོར་ཡུག་སྲུང་སྐྱོང་དང་། གློག་འཕྲིན། སྒུལ་བདེའི་གཏོང་སྤྲོད་སོགས་ཀྱི་ཁྱབ་ཁོངས་གསར་པའི་ཁྲོད་ཀྲུང་གོ་དང་ཡོ་རོབ་མཉམ་ལས་བྱེད་པའི་མདུན་གྲལ་དུ་སླེབས་ཡོད། ཀྲུང་མོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཆེ་ཆུང་མི་འདྲ་བ་དང་། ལོ་རྒྱུས་དང་རིག་གནས་མི་འདྲ་བ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་མཛའ་གྲོགས་འགྲོ་འོང་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ང་དང་སྐུ་ཞབས་ཆིན་ཝང་དབར་ལོ་ཕྱེད་ནང་ཕན་ཚུན་འཚམས་འདྲི་བྱེད་རེས་མངོན་འགྱུར་ཐུབ་པ་དེ་ཐོག་ནས་ཆུ་ཚད་མཐོ་བའི་ཀྲུང་མོའི་འབྲེལ་བ་མཚོན་ཡོད། ཕྱོགས་གཉིས་པོས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཐོག་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་དང་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་སྒོ་དབྱེ་མཉམ་ལས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཉིས་ཁེ་གཉིས་ཕན་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་ན་ཁོ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་དབར་གྱི་ཁོར་ཡུག་སྲུང་སྐྱོང་མཉམ་ལས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཆིན་ཝང་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོར་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱ་སྤྱོད་སྤེལ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཆིན་ཝང་ཨར་པེ་ཁྲི་ཐོག་གཉིས་པས་མོ་ན་ཁོའི་རྒྱལ་རྒྱུད་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ན་ཁོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཆིན་ཝང་ཨར་པེ་ཁྲི་ཐོག་གཉིས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བའི་སྐབས་འདིར་ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། མོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཡོད། མོ་ན་ཁོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཚན་རྩལ་དང་། གསར་གཏོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་།      བསྐྱར་སྐྱེས་ནུས་རྒྱུ་སོགས་ཁྱབ་ཁོངས་དང་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ལ་མོ་ན་ཁོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་བཏོན་པའི་ཀྲུང་གོའི་ནུས་པ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་ཀྲུང་གོར་ཕྱི་ལོའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་འཇོག་རྒྱལ་ཁབ་ཀྱི་ཚོགས་འདུ་ཐེངས་བཅོ་ལྔ་པ་ཡག་པོ་འཚོག་རྒྱུར་རྒྱབ་སྐྱོར་བྱ་འདོད་ཡོད་ཅིང་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་འབྲེལ་སྨོན་འདུན་ཞུ་རྒྱུ་ཡིན་ལ། མོ་ཀྲུང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

༄༅།།ཞི་ཅིན་ཕིང་གིས་མོ་ན་ཁོའི་ཆིན་ཝང་ཨར་པེ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་བ།

  
style="display:none;"