འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་22ཉིན།

༄༅།།དབྱི་ལི་ཚོགས་པས་ནེའུ་ཙི་ལན་གྱི་དཀར་ཆུའི་ཁེ་ལས་ཆེ་གྲས་ཉོས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཀྲུང་གོའི་དབྱི་ལི་ཚོགས་པས་ཉིན་ཤས་གོང་། ནེའུ་ཙི་ལན་གྱི་གྲོང་ཁྱེར་ཨའོ་ཁེ་ལན་དུ་ནེའུ་ཙི་ལན་གྱི་ཝེ་ཧྲི་ལན་དཀར་ཆུའི་ཐོན་ལས་ཀྱི་རྐང་དབང་100%ཚང་མ་ཉོས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
     དབྱི་ལི་ཚོགས་པའི་ལག་བསྟར་སྤྱི་ཁྱབ་ཀྲང་ཅན་ཆིའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཐེངས་འདིའི་ཉོ་སྒྲུབ་ནི་ཕྱོགས་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་རིན་ཐང་ལྟ་བའི་རྨང་གཞི་ཐོག་བྱས་པ་ཞིག་ཡིན་ལ། དབྱི་ལི་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད་འཛད་སྤྱོད་པར་ཞབས་འདེགས་སྔར་ལས་ཡག་པོ་ཞུ་རྒྱུ་དང་ཆབས་ཅིག དབྱི་ལིའི་རྒྱལ་སྤྱི་ཅན་གྱི་འཐབ་ཇུས་འཐུས་སྒོ་ཚང་དུ་བཏང་ནས། གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་ལས་ཀྱི་ཐོན་ཁུངས་ཕན་ཚུན་གསབ་རེས་དང་། གཉིས་ཁེ་གཉིས་ཕན། གསར་གཏོད་མཉམ་ལས་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།