འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་22ཉིན།

༄༅།།སྡོད་ཁང་འཛུགས་སྐྲུན་པུས་འཛུགས་སྐྲུན་ཨར་ལས་ཀྱི་བདེ་འཇགས་ལ་ཆེད་དོན་
བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
       འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར《འཛུགས་སྐྲུན་ཨར་ལས་ཀྱི་བདེ་འཇགས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་2019ལོར་བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་ཟོན་ནུས་ལྡན་བྱེད་པ་དང་། ལས་འཛོལ་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ལས་འགན་གཙོ་བོར་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་རེད།
     བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་ཟོན་ནུས་ལྡན་བྱེད་པའི་ཐད།
     《ཉེན་ཁའིརང་བཞིན་ཅུང་ཆེ་བའི་རྣམ་གྲངས་ཁག་དབྱེའི་ལས་གྲྭའི་བདེ་འཇགས་དོ་དམ་གཏན་འབེབས》ལག་བསྟར་ནན་ཏན་བྱས་ཏེ། འཕྲུལ་ཆས་ལྗིད་རིགས་དང་རྩིག་རྨང་གཏིང་རིང་བ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལས་གྲྭ་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལྷུ་ཚིགས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཉེན་ཁ་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཉིས་ལྡན་གྱི་སྔོན་འགོག་ལམ་སྲོལ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      ལས་འཛོལ་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་རྩད་གཅོད་ཤུཌ་ཆེར་གཏོང་བའི་ཐད།
     ལས་འཛོལ་ཞིབ་བཤེར་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་པ་དང་། ལས་འཛོལ་ཉེན་བརྡའི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་པ། ལས་འཛོལ་འགན་འཁུར་ཁེ་ལས་དང་མི་སྣར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་འཕྲལ་དུ་བདེ་འཇགས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གནས་སྐབས་ཉར་བའམ་ཡང་ན་རྩིས་མེད་བཟོ་བ། བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་ཚད་ལོན་ལག་ཁྱེར་དང་དམིགས་བསལ་ལས་སྒྲུབ་མི་སྣའི་བཀོལ་སྤྱོད་ཐོབ་ཐང་ལག་ཁྱེར་ཚུར་བསྡུ་བྱེད་པ་སོགས་ཀྱི་ཆད་པ་གཅོད་པ་བཅས་བྱས་ནས་ཁེ་ལས་ཀྱི་བབ་ཐོབ་དང་མི་སྣའི་ཐོབ་ཐང་ཆད་གཅོད་བསམ་འཆར་དུས་ཐོག་ཏུ་འདོན་དགོས་པའི་བླང་བྱ་བཏོན་པ་རེད།
     བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ཐད།
      ལས་གྲྭའི་སྤུས་ཚད་བདེ་འཇགས་ལག་དེབ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁེ་ལས་ཀྱི་ཨར་ལས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལས་སྒྲུབ་མི་སྣའི་བདེ་འཇགས་བྱང་ཚད་མཐོ་རུ་གཏོང་བ། ཨར་ལས་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྡེ་ཚན་གྱི་བདེ་འཇགས་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་ཤོར་གྱི་འགན་འཁྲི་བདའ་འདེད”བཅས་ཀྱི་རྩ་དོན་གཞིར་བཟུང་། ཨར་ལས་བདེ་འཇགས་ལྟ་འདོམས་ལས་དོན་ལ་དཔྱད་དཔོག་བྱེད་པ་དང་། གོ་རིམ་ལྡན་པའི་ངང་བཅོས་སྒྲིག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཨར་ལས་བདེ་འཇགས་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་ཧུར་ཐག་བྱས་ཏེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་རོལ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།