འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།ལུའུ་ཞིན་ཉིང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་བྱས་
པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་
གི་ཀྲུའུ་རེན་གཞོན་པར་བསྐོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་དྲ་ཚིགས་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས་པ་དང་། ལུའུ་ཞིན་ཉིང་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས་ཡོད། 
    ལུའུ་ཞིན་ཉིང་གི་ལོ་རྒྱུས་མདོར་བསྡུས། 
     1966ལོའི་ཟླ་12པར་སྐྱེས་ཤིང་། ཅང་སུའུ་ཧོའེ་དབྱིན་ནས་ཡིན། ཀྲུང་གུང་ཏང་ཡོན། པེ་ཅིང་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཚན་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབས་རིམ། 
     1991ལོའི་8ནས་2004ལོའི་ཟླ་7བར། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སློབ་ཚན་རིག་གསུམ་པུའུ་ཡི་རྩོམ་སྒྲིག་པ། རིག་གནས་ཚོ་ཆུང་གི་འགོ་འཛིན་གཞོན་པ་དང་། འགོ་འཛིན་གྱི་འགན་འཁུར། 
     2004ལོའི་ཟླ་7ནས་2014ལོའི་ཟླ་3བར། མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པུའུ་ཡི་ཀྲུའུ་རེན་གཞོན་པ་དང་། ཀྲུའུ་རེན་གྱི་འགན་འཁུར། 
     2014ལོའི་ཟླ་3ནས་2014ལོའི་ཟླ་12བར། མི་དམངས་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དཔྱད་བརྗོད་པུའུ་ཡི་ཀྲུའུ་རེན་གྱི་འགན་འཁུར། 
     2014ལོའི་ཟླ་12ནས་2015ལོའི་ཟླ་3བར། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་དཔྱད་བརྗོད་པུའུ་ཡི་ཀྲུའུ་རེན་གྱི་འགན་འཁུར། 
     2015ལོའི་ཟླ་3ནས་2018ལོའི་ཟླ་9བར། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་འཁུར། 
     2018ལོའི་ཟླ་9ནས་2019ལོའི་ཟླ་3བར། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། མི་དམངས་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གི་འགན་འཁུར། 
     2019ལོའི་ཟླ་3པར། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཡིན།