འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།ད་ལོའི་ཟླ་5པའི་སྔོན་ལ་གཡག་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁ་
ནས་དར་མདོའི་བར་དུ་མཚན་མོར་ཕྱོགས་གཉིས་བཀག་སྡོམ་བྱ་རྒྱུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ད་ལོའི་ཟླ་5པའི་སྔོན་ལ་གཡག་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁ་
ནས་དར་མདོའི་བར་དུ་མཚན་མོར་ཕྱོགས་གཉིས་བཀག་སྡོམ་བྱ་རྒྱུ།
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན། གསར་འགོད་པས་སི་ཁྲོན་མྱུར་བགྲོད་གཞུང་ལམ་སྤྱི་བདེ་ཅུས་ཀྱི་ཡན་ལག་བཞི་བ་ནས་ཤེས་རྟོགས་བྱུང་གསལ། གཡག་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁ་ནས་དར་མདོའི་བར་གྱི་ལམ་དུམ་ནི་2018ལོའི་ཟླ་12ཚེས་31ཉིན་སྔོན་དུ་འཛུགས་སྐྲུན་བྱས་ནས་ཤར་གཏོང་ཚོད་ལྟ་བྱས་ཟིན། ད་ལྟ་རིམ་གྱིས་ལམ་རྒྱུད་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་སྐོར་གྱི་བཅའ་ཁྲིམས》 དེ་བཞིན་དུ《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་གྱི་སྲོལ་ཡིག》བཅས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས།      གཡག་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁ་ནས་དར་མདོའི་བར་གྱི་ལམ་དུམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན།  
     འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད། 2019ལོའི་ཟླ་3ཚེས་18ཉིན་ནས་2019ལོའི་ཟླ་4ཚེས་30ཉིན་བར་ཉིན་རེའི་ཆུ་ཚོད་20:00ནས་ཕྱི་ཉིན་གྱི་ཆུ་ཚོད་8:00པའི་བར།(དྭངས་གསལ་དུས་ཆེན་ཕུད)
     འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་དུམ། གཡག་མདོའི་མྱུར་བགྲོད་གཞུང་གྱི་ལྕགས་ཟམ་ཁ་ནས་དར་མདོའི་བར་གྱི་ཕྱོགས་གཉིས་ཀའི་གཞུང་ལམ་གཙོ་བོ་དང་བསྣོལ་ཟམ་ས་ཁོངས། 
      འགྲིམ་འགྲུལ་བཀག་སྡོམ་གྱི་ནང་དོན། འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་དུམ་དུ་ཨར་ལས་རླངས་འཁོར་མིན་པའི་རླངས་འཁོར་གཞན་དག་ཚང་མ་བགྲོད་མི་ཆོག
     བསྐོར་སྐྱོད་གྲོས་འགོ།   འགྲིམ་འགྲུལ་བཀག་སྡོམ་སྐབས་སུ་ལྕགས་ཟམ་ཁ་ནས་དར་མདོར་འགྲོ་འོང་བྱེད་ན་རྒྱལ་ཁབ་ཀྱི་གཞུང་ལམ་318བསྐོར་ནས་བསྐྱོད་ཆོག
༄༅།།ད་ལོའི་ཟླ་5པའི་སྔོན་ལ་གཡག་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁ་
ནས་དར་མདོའི་བར་དུ་མཚན་མོར་ཕྱོགས་གཉིས་བཀག་སྡོམ་བྱ་རྒྱུ།