འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།《ནུབ་བྱང་རིག་གནས་ཐོན་ཁུངས་ཚིག་མཛོད་ཆེ་མོ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། ནུབ་བྱང་ས་ཁུལ་གྱི་རིག་གནས་ཐོན་ཁུངས་ཀྱི་ད་ཡོད་གནས་བབ་གསེད་བཀྲོལ་བྱས་པའི《ནུབ་བྱང་རིག་གནས་ཐོན་ཁུངས་ཚིག་མཛོད་ཆེ་མོ》ཉེ་དུས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
     《ནུབ་བྱང་རིག་གནས་ཐོན་ཁུངས་ཚིག་མཛོད་ཆེ་མོ》ནི་ལན་ཀྲོའུ་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཕུང་ལན་ཅ་ཡིས་རིག་གཞུང་ཚོགས་པའི་སྣེ་ཁྲིད་དེ་ལོ་བཞིའི་རིང་ལེགས་སྒྲིག་དང་རྩོམ་སྒྲིག་བྱས་པ་ཞིག་རེད།