འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཏུ་སྨན་བཅོས་ལས་གྲྭ་
ཐོག་མའི“ལྡེ་མིག་སྤྲོད་པའི”རྣམ་གྲངས་ཀྱི་རྩིག་རྨང་བཏིང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དང་ཀྲུང་གོའི་ཁེ་ལས་མཉམ་ལས་བྱས་པའི་སྨན་བཅོས་ཀྱི་ལས་གྲྭ་ཐོག་མའི“ལྡེ་མིག་སྤྲོད་པའི”རྣམ་གྲངས་ཏེ། ཀྲུང་གོ་རྒྱལ་སྤྱིའི་གསོ་རིག་འཕྲོད་བསྟེན་ཚད་ཡོད་ཀུང་སི་ཏོ་པོ་དབྱི་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ཉིན་ཤས་གོང་བྷོ་ཧེར་སེ་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཏོ་པོ་དབྱི་གྲོང་ཁྱེར་དུ་གན་རྒྱ་འཇོག་པ་དང་རྩིག་རྨང་འདིང་བའི་མཛད་འགོ་འཚོགས་པ་རེད།
     ཏོ་པོ་དབྱི་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ལ་ཇུས་འགོད་དང་། ཨར་ལས། སྨན་བཅོས་ཡོ་ཆས་ཐུམ་སྒྲིལ་རྒྱག་པ། དེ་བཞིན་གསོ་སྦྱོང་གི་ལྷུ་ཚིགས་ཁག་ཚུད་ཡོད་པ་དང་། རྣམ་གྲངས་ཀྱི་གན་རྒྱ་འཇོག་ཚད་ཡོ་སྒོར་ཁྲི་5200ཙམ་ཟིན་པ་དང་ལས་ཡུན་ཟླ་བ་36ཡིན་པ་རེད།