འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།བོད་དུ་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་ཁག་
དང་པོ་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་19ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་བོད་ཀྱི་ཁག་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་10ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་སྒོ་བྱང་བཀལ་བ་དེ་དག་ནི་སྤོས་དང་། བོད་ཤོག རྔ། ཤིང་བརྐོས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།
     2018ལོར་རིག་གནས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་དབུལ་པོའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་ཆེད། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུས་ཁག་དང་པོའི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར”ཟུང་འབྲེལ་གྱི་གཙོ་གནད་དབུལ་སྐྱོར་ས་ཁུལ་བཅུ་གཏན་འཁེལ་བྱས་ཏེ། ས་གནས་དེ་གར་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་འཛུགས་རྒྱུའི་རྒྱབ་སྐྱོར་བྱས་པ་རེད། སྤོས་བཟོའི་ལག་རྩལ་དང་། སྙེ་མོའི་དར་ལྕོག ཕུ་གསུམ་ཤིང་བརྐོས། ཞོ་ལེགས་བོད་ཤོག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་དག་ལ་བརྟེན་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་སྙེ་མོ་རྫོང་དེའི་ཁོངས་སུ་ཚུད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། སྙེ་མོ་རྫོང་གི་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་25ཡིས“མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་དང་བླངས་རུ་ཁག”བཙུགས་ནས་མང་ཚོགས་ལ་འབྲེལ་ཡོད་ཀྱི་གསོ་སྦྱོང་བྱས་པ་རེད། 2018ལོར་རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་100སྤྲད་ནས་སྙེ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་གསོ་སྦྱོང་དང་། འཆར་འགོད། འགྲེམས་སྟོན་སོགས་ལས་དོན་ལ་རྒྱབ་སྐྱོར་བྱས་པ་མ་ཟད། འདི་ལོ་ཡང་མུ་མཐུད་སྒོར་ཁྲི་30རྒྱབ་སྐྱོར་བྱ་རྒྱུ་རེད།