འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་20ཉིན།

༄༅།།མཚོ་སྔོན་དང་ཧོ་ནན་གྱི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་གློག་ཐད་རྒྱུག་ལས་གྲྭའི་
ཧོ་ནན་དུམ་བུ་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་19ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཚོགས་འདུ་གཉིས་གྲོལ་མ་ཐག ཧོ་ནན་ཞིང་ཆེན་ཀྲུའུ་མཱ་ཏེན་གྲོང་ཁྱེར་སུའེ་ཕེན་རྫོང་ཧུའེ་ཧྲུའུ་ཤང་ཞའོ་ཁྲེན་ཀྲོང་གི་ཉེ་འཁོར་དུ། ལས་གྲྭའི་སྒྲིག་ཆས་ཀྱི་སྒྲ་འུར་འུར་དུ་གྲགས་ནས། མཚོ་སྔོན་དང་ཧོ་ནན་གྱི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་ཐད་རྒྱུག་ལས་གྲྭའི་ལྕགས་གློག་ཤིང་གི་རྨང་གཞི་འདིང་འགོ་ཚུགས་ཤིང་། ལས་གྲྭ་དེའི་རྣམ་གྲངས་གཙོ་བོ་ཀྲོའུ་མཱ་ཏེན་ཆེས་མཐོ་གནོན་གློག་བརྗེ་རྒྱུག་ས་ཚིགས་དང་། ལྷན་སྦྱར་རྣམ་གྲངས་ཆན་ཧྥུའུ་1000གི་ཀྲུའུ་མཱ་ཏེན་དང་ནན་དབྱང་གི་སྤེལ་རྒྱུག་གློག་ལམ་ལས་གྲྭ་གཉིས་མཉམ་དུ་སྐྲུན་འགོ་ཚུགས་པ་རེད།
     མཚོ་སྔོན་དང་ཧོ་ནན་གྱི་ལས་གྲྭས་གློག་ཕྱིར་གཏོང་བྱས་པ་བརྒྱུད། མཚོ་སྔོན་གྱི་བསྐྱར་སྐྱེས་ཆོག་པའི་ནུས་རྒྱུ་དང་དེ་བཞིན་མཐའ་འཁོར་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་གློག་ཤུགས་ལྷག་མ་བསྡུ་རུབ་བྱས་ནས། ས་གནས་དེ་གའི་ནུས་རྒྱུའི་རྟེན་གཞི་ལེགས་འདུས་ཅན་གསར་སྤེལ་སོགས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ད་དུང་ཧོ་ནན་དང་ཀྲུང་ཧྭའི་དབུས་རྒྱུད་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་དང་སྣོད་བཅུད་སྲུང་སྐྱོང་ལ་ཡང་སྐུལ་འདེད་ནུས་ལྡན་གཏོང་ཐུབ། ལས་གྲྭ་དེའི་ལོ་རེའི་གློག་གཏོང་ཚད་འཆར་འགོད་ལྟར་ན། ཆན་ཝ་དུང་ཕྱུར་400ཡིན་པ་དེས་མ་བཅོས་རྡོ་སོལ་ཏུན་ཁྲི་1800ཡི་ཚབ་བྱེད་ཐུབ་པས་དུ་རྡུལ་ཏུན་ཁྲི་1.4ཉུང་དུ་གཏོང་ཐུབ་རྒྱུ་རེད།